རྔ་བ་ཁུལ་གྱིས་དངུལ་བུན་སྒོར་དུང་ཕྱུར4.12བཏང་ནས་རྨོ་འདེབས་བྱ་བར་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2021ལོའི་ཚུན་དུ། མི་དམངས་དངུལ་ཁང་རྔ་བའི་ལྟེ་བའི་ཡན་ལག་དངུལ་ཁང་གིས་དངུལ་རྩའི་སྟོབས་ཤུགས་གང་ལེགས་སྤྱད་དེ་དཔྱིད་རྨོད་ཐོན་སྐྱེད་བྱ་བར་ལེགས་པོར་སྤེལ་བར་རབ་འདེགས་བྱས་པ་བརྒྱུད་ལོ་ཧྲིལ་བོའི་ཞིང་ལས་ཐོན་སྐྱེད་ཀྱི་མགོ་ཡག་པོ་རྩོམ་པར་ཁག་ཐེག་བྱས། 

ཤེས་རྟོགས་བྱུང་བར་གཞིགས་ན། རྔ་བ་ཁུལ་ཞིང་འབྲེལ་དངུལ་རྩའི་ལས་ཁུངས་ཀྱིས་འབྲུ་རིགས་ཐོན་སྐྱེད་དང་། ཕག་གསོ་བ། ཁྱད་ལྡན་ཤིང་ཏོག་འདེབས་འཛུགས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་དམིགས་ཏེ། སྤུས་ལེགས་ཞིང་དུད་དང་། ཞིང་ལས་རྒྱུ་ཆ་ཐོན་སྐྱེད་མཁོ་འདོན་ཁེ་ལས་དང་ཞིང་ལས་གཉེར་སྐྱོང་བྱེད་པོའི་གསར་དུ་བསྣན་པའི་མ་དངུལ་མཉམ་འདུས་ལས་དོན་ལ་གཟིགས་སྐྱོང་སྐྱེད་ཀའི་རྒྱབ་སྐྱོར་གནང་བ་ལས་གཞན། དངུལ་བུན་སྤྲོད་པའི་དུས་ཚོད་ཐོན་ཡང་སྐྱེད་ཀ་སྤྲོད་དཀའ་བའི་ཞིང་འབྲེལ་ཁེ་ལས་རིགས་ལ་སྐྱེད་ཀ་མ་སྤྲད་རུང་མུ་མཐུད་དུ་དངུལ་བུན་བླངས་ཆོག་པའི་གཟིགས་སྐྱོང་བྱེད་ཐབས་སྤྱད་དེ། ཁེ་ལས་ཀྱི་ཐོན་སྐྱེད་མ་དངུལ་ཕྱོགས་ཀྱི་གནོན་ཤུགས་སེལ།

བསྡོམས་རྩིས་ལྟར་ན། མིག་སྔར་ཁུལ་ཡོངས་ཀྱི་ཞིང་འབྲེལ་ལས་ཁུངས་ཀྱིས་དངུལ་བུན6682བཏང་ནས་དངུལ་གྲངས་སྒོར་དུང་ཕྱུར23.24ཟིན་ཤིང་། བསྡོམས་པས་དཔྱིད་འདེབས་གྲ་སྒྲིག་ཐོན་སྐྱེད་ཐད་དངུལ་བུན་ཐེངས5444བཏང་ནས་དངུལ་གྲངས་སྒོར་དུང་ཕྱུར4.12ལ་སླེབས། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།