དཀར་མཛེས་ཁུལ་སྡེ་རོང་རྫོང་གི་སྐབས་གཉིས་པའི་དམངས་སྲོལ་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་བསྡུས་པ།

2.jpg

དམངས་སྲོལ་རིག་གནས་འགྲེམས་འཁྲབ་བྱེད་བཞིན་པའི་ཚུལ།

3.jpg

དམངས་སྲོལ་བགྲོ་གླེང་ཚོགས་འདུའི་དྲན་རྟེན་མཉམ་པར། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་བརྩམས་པའི་ལོ་ཡིན་ལ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་གིས་ཀྲུང་དབྱང་གི་སྐབས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་བླང་བྱ་དོན་འཁྱོལ་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཡང་ཡིན། རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་རྒྱབ་ལྗོངས་འོག་གཏིང་ཟབ་པའི་སྒོ་ནས་སྡེ་རོང་དམངས་ཁྲོད་རིག་གནས་ནང་དོན་སྔོག་འདོན་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་འཁྲུངས་སྐར་བསུ་བའི་ཆེད་དུ། ཟླ4པའི་ཚེས16ཉིན་ནས་ཚེས18ཉིན་བར“སྐབས་གཉིས་པའི་དམངས་སྲོལ་རིག་གནས་བགྲོ་གླེང་ཚོགས་འདུ”དེ་སྡེ་རོང་རྫོང་ནས་གཟབ་རྒྱས་ངང་བསྡུས། 

ཚོགས་འདུ་དེ་ཀྲུང་གུང་སྡེ་རོང་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་སྡེ་རོང་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་དང་། རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས། རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས། རྫོང་རྩོམ་རིག་ལ་དགའ་བའི་མི་སྣ་དང་དམངས་ཁྲོད་རིག་གནས་སྲུང་སྐྱོང་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་ཁུར། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ནས་སླེབས་པའི་ཕུལ་བྱུང་མཁས་པ་དང་རིག་གནས་པ། ད་དུང་སྨྱན་བྱད་ལས་ཁུངས་སོགས་ཚོགས་འདུར་ཞུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ནང་དོན་ལ་མགོ་ཚུགས་མཛད་སྒོ་དང་། ཕྱི་རོལ་བརྟག་དཔྱད། དམངས་སྲོལ་རིག་གནས་འགྲེམས་སྟོན་དགོང་ཚོགས། ཆེད་དོན་འཆད་འཁྲིད་དང་གྲོང་གསེབ་དར་སྤེལ་གྲུབ་འབྲས་འགྲེམས་སྟོན་སོགས་འདུས།

ཚོགས་འདུ་ནང་ཞུགས་པའི་མཁས་པ་ཚོས་བརྗོད་གཞིའི་གཏམ་བཤད་གནང་བ་བརྒྱུད། “སྡེ་རོང་དམངས་སྲོལ་རིག་གནས་ཅི་ལྟར་རྒྱུན་འཛིན་དང་སྲུང་སྐྱོང”བྱེད་པ་བརྗོད་གཞི་གཙོ་བོར་དམིགས་ཏེ། སྡེ་རོང་རྫོང་གི་དམངས་སྲོལ་རིག་གནས་ཀྱི་འཕེལ་རྒྱས་ལོ་རྒྱས་དང་། ཁྱད་ཆོས། རིགས། ཕན་ནུས། སྒྱུ་རྩལ་ཁྱད་ཆོས། ད་ལྟའི་གནས་བབ་དང་གནས་པའི་གནད་དོན་སོགས་ཀྱི་ཕྱོགས་ནས་བགྲོ་གླེང་བྱས་ཏེ། དམངས་སྲོལ་རིག་གནས་ལ་སྲུང་སྐྱོང་རྒྱུན་འཛིན་དང་། གསར་འབྱེད་བེད་སྤྱོད་ཀྱི་གཙོ་གནད་རང་བཞིན་ནས་མགོ་བརྩམས་ཏེ་འབྲེལ་ཡོད་ཉམས་མྱོང་དང་བྱེད་ཐབས་མཉམ་སྤྱོད་བྱས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།