​རབ་རྒྱས་ཡུལ་ཚོ་རུ་དཔྱིད་ཀྱི་དཔལ་ཡོན་རྒྱས་པ།

2.jpg

3.jpg

4.jpg

རི་མཐོའི་ཞིང་ས།

5.jpg

བོད་རིགས་མང་ཚོགས་གཉིས་ཀྱིས་ཞིང་འདེབས་བཞིན་ཡོད་པ། 

2.jpg

རི་མཐོའི་ཞིང་ས། 

7.jpg

བོད་སྡེ་རུ་དཔྱིད་ཀྱི་དཔལ་ཡོན་རྒྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་སི་ཁྲོན་གཡག་རྔ་གྲོང་ཁྱེར་པའོ་ཞིན་རྫོང་རབ་རྒྱས་ཡུལ་ཚོའི་རི་ལྡེབས་སུ་གོ་རིམ་ལྡན་པའི་འགྱིག་ཤོག་ཆ་མཉམ་ངང་བོད་སྡེའི་ནགས་གསེབ་དུ་བཏང་ཡོད་པས། ཞིང་སྡེའི་རི་ཆུ་དང་གནམ་ས་མཉམ་འདྲེས་ཀྱི་རང་བྱུང་མཛེས་ལྗོངས་ཤིག་གྲུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རབ་རྒྱས་ཡུལ་ཚོ་ནི་པའོ་ཞིན་རྫོང་གི་བོད་རིགས་ཤང་ཁོ་ན་ཡིན་ཞིང་། ཤང་ཡོངས་ཀྱི་བོད་རིགས་མང་ཚོགས5000ལྷག་ས་བབ་མཐོ་ཚད་སྨི2000ཙམ་ཟིན་པའི་རི་མཐོ་རུ་སྡོད་ཅིང་། ཁོ་ཚོས་གཙོ་བོ་ཞོག་ཁོག་དང་མ་རྨོས་ལོ་ཏོག་འདེབས་པ་ལ་བརྟེན་ནས་ཐོན་སྐྱེད་གཉེར་བ་དང་། འགྱིག་ཤོག་ནི་ཁོ་ཚོས་ཞིང་ལས་སྐྱེ་དངོས་ལ་ལོ་ལེགས་འབྱུང་བའི་ཐབས་བཟང་ཞིག་ཡིན། ལོ་རེའི་དྭངས་གསལ་དུས་ཆེན་གྱི་སྔ་གཞུག་ཏུ་ས་གནས་དེ་བོད་རིགས་མང་ཚོགས་ཀྱིས་རི་ལྡེབས་ཀྱི་ཞིང་སར་ཞོག་ཁོག་དང་མ་རྨོས་ལོ་ཏོག་བཏབ་ནས་བདེ་སྐྱིད་འཚོ་བར་རེ་སྒུག་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།