རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས15ཉིན། རང་ཁུལ་གྱིས“4·15”དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོའི་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་འབར་ཁམས་གྲོང་ཁྱེར་དུ་བསྡུས།

བྱེད་སྒོ་རུ། འདྲི་རྨེད་བྱེད་ས་དང་། དྲིལ་སྒྲོག་གི་ཡི་གེ་འགེལ་བ་དང་། འགྲོ་འོང་གི་མི་རྣམས་ལ་དྲིལ་སྒྲོག་གི་ཡིག་ཆ་སྦྱིན་པ་དང་འགྲེལ་བཤད་བྱེད་པ་ནས། དྲིལ་སྒྲོག་གི་ཁོར་ཡུག་ལེགས་ཤིང་བཟང་བ་ཞིག་བསྐྲུན། 

ཐེངས་འདིའི་སློབ་གསོའི་ཉིན་མོའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་། འཕེལ་རྒྱས་དང་བདེ་འཇགས་སྤྱི་སྡོམ། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ལ་སྤྱི་སྡོམ་བྱས་ཏེ།  ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་ནས་མང་ཚོགས་རྣམས་ལ་ཤིན་ཏུ་འབྲེལ་ཆེ་བའི་བདེ་འཇགས་ཀྱི་སྐོར་གནད་དོན་རྣམས་ངོ་སྤྲོད་བྱས་ཤིང་། མང་ཚོགས་རྣམས་ཀྱི་བདེ་འཇགས་ལ་བཟུང་བའི་འདུ་ཤེས་ཇེ་བརྟན་ཇེ་ཟབ་ཏུ་བཏང་ངོ་།།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།