རྔ་བ་རྫོང་བསུ་བ་ཡུལ་ཚོས་བོད་ལུགས་གྱོན་ཆས་བཟོ་བའི་གསོ་སྦྱོང་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྔ་བ་རྫོང་བསུ་བ་ཡུལ་ཚོས་ཉིན20རིང་དུ་བོད་ལུགས་གྱོན་ཆས་བཟོ་བའི་གསོ་སྦྱོང་བྱེད་སྒོ་སྤེལ། གསོ་སྦྱོང་དུ་ཁྱོན་མི་6ཞུགས་ཡོད། 

གསོ་སྦྱོང་དུ་ཆེད་ལས་དགེ་རྒན་གྱིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཡུལ་དངོས་ནས་བོད་ལུགས་གྱོན་ཆས་བཟོ་བའི་ཤེས་བྱ་དང་སྒྲིག་ཆས་བེད་སྤྱོད་བྱེད་ཐབས་སོགས་རྨང་གཞིའི་ཤེས་བྱ་འགྲེལ་བཤད་བྱས་ནས་སློབ་མ་ཚོར་བོད་ལུགས་གྱོན་ཆས་བཟོ་བའི་ལག་རྩལ་སློབ་ཁྲིད་བྱས། སློབ་མ་ཚོས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་དང་ལག་ལེན་གྱི་སློབ་ཁྲིད་བྱེད་སྟངས་ལ་གདེང་འཇོག་བཟང་བོ་བྱས་པ་དང་། ཚང་མས་ད་ཐེངས་ཀྱི་བོད་ལུགས་གྱོན་ཆས་བཟོ་བའི་རྩལ་ནུས་གསོ་སྦྱོང་བྱས་པ་ལས་མང་ཚོགས་ལ་ཕན་ཆེན་པོ་ཐོགས་པ་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་འབྲེལ་ཡོད་ཀྱི་ཆེད་ལས་ལག་རྩལ་ཤེས་བྱ་སྦྱངས་པར་མ་ཟད། ཕྱུག་འགྱུར་གྱི་ཡིད་ཆེས་དང་ཆོད་སེམས་ཀྱང་སྔར་བས་ཆེ་རུ་སོང་ཡོད་ཅེས་བཤད།

ཡུལ་ཚོ་དེའི་ལས་དོན་མི་སྣས་ངོ་སྤྲད་པ་ལྟར་ན། ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི་ཏང་གི་བཀའ་དྲིན་པ་དང་། སྲིད་ཇུས་ཤེས་རྟོགས་བྱེད་པ། ལག་རྩལ་ཤེས་པ། གཉེར་སྐྱོང་ལ་མཁས་པ་བཅས་ཀྱི་མི་སྣ་གསོ་སྐྱོང་བྱས་ཏེ་ལག་རྩལ་ལ་བརྟེན་ནས་ཕྱུག་པོར་གྱུར་ནས་དབུལ་བྲལ་གནད་སྒྲོལ་གྱི་ཕན་འབྲས་སྔར་བས་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།