དཀར་མཛེས་རྫོང་སྨན་བཅོས་ཤེས་ལྡན་མི་སྣས་ཨེ་ཙི་འགོས་ནད་སྔོན་འགོག་སྐོར་གྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།

2.jpg

3.jpg

བྱ་འགུལ་ཡུལ་དངོས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “སྔོན་ཆད་ཨེ་ཙི་འགོས་ནད་ནི་གང་འདྲ་ཡིན་པ་གསལ་བོར་མི་ཤེས་ཏེ། ད་ལྟ་སྨན་པ་ཚོས་གསལ་བོར་བཤད་པས་དངོས་གནས་གོ་བ་བླངས་པ་མ་ཟད། ཅི་ལྟར་སྔོན་འགོག་བྱེད་པ་ཡང་ཤེས་སོང་། རྗེས་ཕྱོགས་ཀྱང་འདི་འདྲའི་བྱ་འགུལ་མང་པོ་སྤེལ་རྒྱུ་ནི་ང་ཚོའི་རེ་བ་ཡིན”ཞེས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དཀར་མཛེས་གྲོང་རྡལ་གྱི་ཁུལ་གསར་སྡེ་ཁུལ་ནས་ཡོང་བའི་མང་ཚོགས་ཞིག་གིས་དེ་ལྟར་བཤད། 

སྔར་ལས་ལྷག་པའི་ངང་ཨེ་ཙི་འགོས་ནད་སྔོན་འགོག་ལས་དོན་ལ་སྐུལ་འདེད་བྱས་ནས་དམངས་ཡོངས་ཨེ་ཙི་འགོས་ནད་སྔོན་འགོག་བྱ་གཞག་ནང་ཞུགས་པའི་རྣམ་པ་བཟང་པོ་སྐྲུན་པའི་ཆེད་དུ། དཀར་མཛེས་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་དང་། རྫོང་སྨན་ཁང་། རིམས་ནད་སྔོན་འགོག་ལྟེ་གནས། མ་བུ་བདེ་སྲུང་འཆར་ལྡན་བུ་བཙའི་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣ20ལྷག་གི་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་ཤེས་ལྡན་མི་སྣས་ཏང་གི་ལོ་རྒྱུས་སློབ་གསོ་དང་འབྲེལ་ཏེ་བྱ་འགུལ་རབ་དང་རིམ་པ་སྤེལ།

བྱ་འགུལ་ནང་སྨན་བཅོས་ཤེས་ལྡན་མི་སྣ་མི་ཅུང་མང་བའི་སྲང་ལམ་ནས་སྒྲོག་འགྲེལ་སྟེགས་བུ་བཙུགས་པ་དང་། དྲིལ་བསྒྲགས་རྒྱུ་ཆ་སྤྲོད་པ། དྲིལ་བསྒྲགས་ཡི་གེ་འགེལ་བ། རྒྱ་བོད་སྐད་གཉིས་ཀྱི་སྒྲོག་འགྲེལ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱ་ཆེའི་མང་ཚོགས་དག་ལ་ཨེ་ཙི་འགོས་ནད་འགོས་བའི་གནས་ཚུལ་དང་གནོད་འཚེ། སྔོན་འགོག་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་གང་ལེགས་བྱས་པ་མ་ཟད། མང་ཚོགས་ཀྱིས་ཨེ་ཙི་འགོས་ནད་རྟོགས་ཚད་ཇེ་མཐོར་སོང་ཞིང་རང་ཉིད་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཆུ་རུ་བཏང་། 

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་ནང་བསྡོམས་པས་སྐད་གཉིས་དྲིལ་བསྒྲགས་རྒྱུ་ཆ500ཙམ་དང་། དྲིལ་བསྒྲགས་མཁོ་ཆས། ཁུག་མ། ཆར་གདུགས་སོགས་ཀྱི་དངོས་པོ་བསྡོམས་པས200ཙམ་སྤྲད་དེ། མི་གྲངས1000ཙམ་ལ་བདེ་ཐང་སྐོར་གྱི་སློབ་གསོ་ཐེབས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།