འབར་ཁམས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྲོལ་ཡིག་ལག་བསྟར་སྐོར་གྱི་དྲིལ་བསྒྲགས་བྱ་འགུལ་རབ་དང་རིམ་པ་སྤེལ་བ།

1.jpg

མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།

2.jpg

བྱ་འགུལ་ཡུལ་དངོས།

3.jpg

དྲིལ་བསྒྲགས་ལག་དེབ་སྟེར་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མི་ཚང་མས་ཁྲིམས་ཤེས་བ། མི་ཚང་མས་ཁྲིམས་སྲུང་བའི”ལྟ་སྐུལ་དོ་དམ་གྱི་རྣམ་པ་བཟང་པོ་སྐྲུན་པའི་ཆེད་དུ། ཟླ4བའི་ཚེས9ཉིན། འབར་ཁམས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཅུའུ་ཀྲུའུ་ཐང་ཆེན་དུ《སྲོལ་ཡིག》དྲིལ་བསྒྲགས་ལག་བསྟར་བྱས་ཏེ་སྨན་བཅོས་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་བའི་བྱ་འགུལ་རབ་དང་རིམ་པ་སྤེལ།

བྱ་འགུལ་ཁྲོད་ཡུལ་དངོས་སུ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། ཡུལ་དངོས་ནས་འགྲེལ་བཤད་རྒྱག་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་དེ་ཕྱོགས་ཡོངས་ནས《སྲོལ་ཡིག》དྲིལ་བསྒྲགས་ཡག་པོ་བྱས་པ་མ་ཟད། ཉེན་འགོག་ནང་ཞུགས་པའི་མང་ཚོགས་རྣམས་ལ་སྨན་བཅོས་ཐེབས་རྩའི་ལྟ་སྐུལ་དོ་དམ་ཕྱོགས་དང་འབྲེལ་ཡོད་ཀྱི་གནས་ཚུལ་གསལ་བོར་བརྗོད་པ་རེད།

ཐེངས་འདིའི་བྱ་འགུལ་ནང་བསྡོམས་པས་དྲིག་བསྒྲགས་བརྡ་ཡིག3000སྤྲད་དེ་མང་ཚོགས་རྣམས་ལ་ལྟ་སྐུལ་དོ་དམ་ཕྱོགས་ཀྱི་སྲོལ་ཡིག་ལ་འགྲེལ་བཤད་གསལ་བོར་བརྒྱབ་པ་དང་རིགས་སོ་སོའི་སྨན་བཅོས་འགན་སྲུང་སྲིད་ཇུས་བློ་འདྲ་མི་ཐེངས1200ཟིན་པ་དང་། མི་ཐེངས200ལྷག་ལ་འོས་འགན་སྨན་བཅོས་བྱས། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།