ལུའོ་ཀྲེང་ཧྭ་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པར་བསྐོས་ཤིང་ཁུལ་དཔོན་དུ་མིང་འདོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས15ཉིན། རྔ་བ་ཁུལ་ཏང་ཨུའི་རྒྱུན་ཨུའི(རྒྱས་འཛོམས)གྲོས་ཚོགས་འཚོགས་ནས། རྔ་བ་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་གོ་གནས་བསྐོ་འཐེན་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་བློ་མཐུན་ལུའོ་ཀྲེང་ཧྭ་ཡིས་ཀྲུང་གུང་རྔ་བ་ཁུལ་ཨུའི་ཨུ་ཡོན་དང་རྒྱུན་ཨུ། ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས་རྒྱུ་དང་། བློ་མཐུན་དབྱང་ཁེ་ཉིང་གིས་ཀྲུང་གུང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ཨུ། ཨུ་ཡོན་བཅས་ཀྱི་འགན་འཁུར་རྒྱུ་མིན་པ་གཏན་འབེབས་བྱས། ཞིང་ཆེན་ཏང་ཨུའི་བློ་མཐུན་ལུའོ་ཀྲེང་ཧྭ་རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དུ་མིང་འདོན་བྱས་པར་མོས་མཐུན་བྱུང་ཞིང་། བློ་མཐུན་དབྱང་ཁེ་ཉིང་གིས་རྔ་བ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གྱི་འགན་འཁུར་མཚམས་འཇོག་རྒྱུ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ལས་རིམ་བསྒྲུབ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།