ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྔ་བ་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས19ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་ཀྱི་མིང་ཐོའི་ནང་བཅུག་པ་དང་། ལོ་འཁོར་གྱི་མ་དངུལ་གཏོང་བའི་འཆར་གཞི་སྒོར་དུང་ཕྱུར166.1སླེབས་ཡོད། དེའི་ནང་ཁྲེང་ཏུའུ་ནས་ལན་ཀྲིའི་བར་གྱི་ལྕགས་ལམ་དང་། གཅིག་སྒྲིལ་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ། གཙོ་ཚང་དགོན་ནས་གཟི་ཚ་སྡེ་དགུའི་ལམ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་སྦྲེལ་མཐུད་འཛུགས་སྐྲུན་རྣམ་གྲངས9ལ་ལོ་འཁོར་གྱི་མ་དངུལ་གཏོང་བའི་འཆར་གཞི་སྒོར་དུང་ཕྱུར162.7ཡིན་པ་དང་། རྒྱལ་ལམ248ཀྱི་འབར་ཁམས་ཀྱི་པའེ་ཝན་ནས་ཆུ་ཆེན་མཱ་ནའེ་བར་མཚམས་དང་། རྔ་བ་ཁུལ་གྱི་རིམ་པ་གསུམ་པའི་གཞུང་ལམ་གསར་སྐྲུན་རྣམ་གྲངས2བསྐྱར་སྐྲུན་བྱེད་པར་ལོ་འཁོར་གྱི་མ་དངུལ་གཏོང་བའི་འཆར་གཞི་སྒོར་དུང་ཕྱུར3.4ཡིན་པ་དང་། ཏུའུ་ཅང་ཡན་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཁྲིན་ཏུའུ་ཡི་ས་འོག་ལྕགས་ལམ་དགུ་བའི་འཁོར་ལམ་འགྲིམ་འགྲུལ་སོགས་རྣམ་གྲངས8ཞིང་ཆེན་གྱི་གཙོ་གནད་ཐོག་ཇེ་མགྱོགས་སུ་གཏོང་བའི་དུས་མགོའི་གཙོ་གནད་རྣམ་གྲངས་ཀྱི་མིང་ཐོའི་ནང་བཅུག་པས། ཚོད་དཔག་བྱས་ན་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར1704.7ལ་སླེབས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
རྔ་བ་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས19ད་ལོའི་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་ཀྱི་མིང་ཐོའི་ནང་བཅུག