ཁྲོ་ཆུ་བྷི་རྡོ་གྲོང་ཚོས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དུ་བཏང་།

2.jpg

ཞིང་བས་སྙི་བའི་རྟེན་གཞི་རུ་ཡུར་མ་ཡུར་བཞིན་པ།

3.jpg

སྙི་བའི་སྐྱེ་ཚུལ་ཡག་པ།

4.jpg

ཞིང་བ་ཚོས་སྙི་བའི་རྟེན་གཞི་རུ་ཡུར་མ་ཡུར་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས1ཉིན། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་ཙི་མུ་ལེ་གྲོང་རྡལ་བྷི་རྡོ་གྲོང་ཚོའི་སྙི་བ་འདེབས་འཛུགས་རྟེན་གཞི་རུ་ལག་རྩལ་མི་སྣ་དང་གྲོང་མི་རྣམས་ཀྱིས་སྙི་བ་ལ་ཡུར་མ་ཡུར་བའི་ལས་ལ་བྲེལ་བཞིན་ཡོད། བྷི་རྡོ་གྲོང་ཚོ་རུ་ཉི་འོད་འདེང་ཞིང་དྲོད་ཚད་འཚམ་པས་སྙི་བ་འདེབས་འཛུགས་ཀྱི་ཆ་རྐྱེན་ཡག་པོ་འཛོམས་པ་དང་། མིག་སྔར་རྟེན་གཞི་དེས་གྲོང་ཚོ་ཡོངས་ཀྱི་ཞིང་ཁྱིམ60%ཡི་ཡོང་འབབ་འཕར་བར་སྣེ་ཁྲིད་བྱས།

ཉེ་བའི་ལོ་ཤས་རིང་ཁྲོ་ཆུ་རྫོང་གིས་ཧུར་ཐག་གིས་ཞིང་ལས་ཐོན་ལས་སྒྲིག་གཞིའི་རྣམ་པ་སྒྱུར་ཏེ“ཀུང་སི+ཞིང་ཁྱིམ+མཉམ་ལས་ཁང”གི་བྱེད་ཐབས་སྤྱད་ནས་གཞི་ཁྱོན་ཅན་གྱིས་སྙི་བ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་སུ་བཏང་སྟེ་ཞིང་བས་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་མ་ཟད། ཞིང་ལས་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་སྤེལ་ལས་དོན་ལ་རམ་འདེགས་བྱས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།