མཛོད་དགེ་རྫོང་གིས་དཔྱིད་ཀྱི་རྨོ་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཀ་སླེབས་པ་ནས་བཟུང་རྔ་བ་ཁུལ་མཛོད་དགེ་རྫོང་གིས་སྔ་མོ་ནས་འཆར་འགོད་དང་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ་ཞིང་ལས་རྒྱུ་ཆ་སྣ་ཚོགས་ཏུན3590གསོག་འཇོག་བྱས་པའི་ནང་ས་བོན་ཏུན3450དང་ལུད་རྫས་ཏུན78། ཞིང་སྨན་ཏུན1.35། ཞིང་ལུད་ཏུན60། ཞིང་ཁྱིམ་ལུད་ཏུན20000བཅས་བཏང་ནས་དཔྱིད་ཀའི་རྨོ་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

རྒྱུས་ལོན་བྱུང་བ་ན། ད་ལོར་རྫོང་ཡོངས་ཀྱིས་ཀྲུང་ལུགས་སྨན་རྩྭ་མུའུ5000དང་སྔོ་ཚལ་མུའུ3500། པད་ཁ་མུའུ13500། འབྲུ་རིགས་མུའུ32310། གཟན་རྩྭ་མུའུ1100བཅས་འདེབས་རྩིས་ཡོད་པ་དང་། དཔྱིད་ཀའི་རྨོ་འདེབས་ལས་དོན་སྤེལ་བ་ནས་བཟུང་། ཞིང་ལས་ལག་རྩལ་མི་སྣས་ཚན་རིག་དང་མཐུན་པའི་ངང་ལུད་རྒྱག་སྟངས་དྲིལ་བསྒྲགས་མཛུབ་ཁྲིད་བྱས་པ་དང་། སྐྱེ་དངོས་སྐྱེ་ལྡན་ལུད་ཏུན150སྤྲད་ནས། ཞིང་ལས་སྐྱེ་དངོས་སྣ་ཚོགས་ལུད་རྒྱག་གྲོས་གཞིའི་དཔྱད་ཡིག30ལྷག་སྤྲད་པས། རྫོང་ཡོངས་ཀྱི་དཔྱིད་ཀའི་རྨོ་འདེབས་ལས་དོན་གོ་རིམ་ལྡན་པར་སྤེལ་བཞིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།