དཀར་མཛེས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་ཚད་ཕྱོགས་བཞི་ནས100%སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་དཀར་མཛེས་ཁུལ་གྱིས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་གཙོ་རྐང་དུ་བྱས་ཏེ། ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་རེད། ལོ་ལྔའི་སྔོན་དང་བསྡུར་ཚེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད།

དེའི་ནང་མཁའ་དབུགས་ཀྱི་ཁོར་ཡུག་སྤུས་ཚད་ཐད། ཁུལ་ཡོངས་ཀྱིPM2.5ཡི་གར་ཚད་ཆ་སྙོམས་ཀྱིས་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ8.2ཟིན་པ་དང་། དེ་དུས་མཉམ་ལས38.3%གྱིས་མར་ཆག་ཡོད། PM10གར་ཚད་ཆ་སྙོམས་ཀྱིས་སྨི་རྒྱ་དཔངས་གྲུ་བཞི་མ་རེར་ཝེ་ཁེ15.1ལ་སླེབས་པ་དང་། དེ2015ལོའི་དུས་མཚུངས་ལས48.3%གྱིས་མར་ཆག་ནས་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས100%ཟིན་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་བརྒྱ་ཆའི་གྲངས8.3ལས་མཐོ་བ་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)183གྱི་མཁའ་དབུགས་སྤུས་ཚད་དཔྱད་ཞིབ་ཟླ་རེར་ཨང10ཡན་དུ་ཡོད་པ་དང་། རང་ཁུལ་གྱིས་ཨང་རིམ7ཡན་བཟུང་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཆུའི་ཁོར་ཡུག་སྤུས་ཚད་ཐད། རྒྱལ་ཁབ་རིམ་པའི་བརྟག་དཔྱད་ཚད་ལེན་བཅད་ངོས་ཆུའི་སྤུས་ཚད་ཆ་སྙོམས་ཀྱིསརིགས་ཡན་གྱི་ཚད་གཞིར(དེའི་ནང་རྒྱལ་མོ་རྔུལ་ཆུའི་བཅད་ངོསརིགས་ལ་སླེབས་)སླེབས་པ་གསུམ་ཡོད་པ་དང་། ཞིང་ཆེན་རིམ་པའི་བརྟག་དཔྱད་ཚད་ལེན་བྱས་པའི་ཆུའི་སྤུས་ཚདརིགས་ཀྱི་ཚད་གཞིར་སླེབས་པ་གཅིག་ཡོད། རྫོང52ཀྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་བརྟག་དཔྱད་ཚད་ལེན་བཅད་ངོས་ཀྱི་ཆུའི་སྤུས་ཚད་ཆ་སྙོམས་ཀྱིསརིགས་ཀྱི་ཚད་གཞིར་སླེབས་པ་དང་། Ⅴརིགས་ཆུའི་སྤུས་ཚད་བཅད་ངོས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཡོད་པ་དང་། བཅད་ངོས་ཆུའི་སྤུས་ཚད་ཀྱི་ཚད་གཞི100%ལ་སླེབས་ཡོད། ས་ཁུལ་རིམ་པ4དང་རྫོང་རིམ་པ37། ཤང་གྲོང72དང་སྡེ་བ5ཡི་གཅིག་སྡུད་རྣམ་པའི་འཐུང་ཆུའི་མགོ་ཁུངས་ཀྱི་ཆུའི་སྤུས་ཚད་ཆ་སྙོམས་ཀྱིསⅢརིགས་ཡན་གྱི་ཚད་གཞིར་སླེབས་ཡོད་པ་མ་ཟད། གཅིག་སྡུས་འཐུང་ཆུའི་སྤུས་ཚད་ཚད་གཞི100%ལ་སླེབས་ཡོད་པས། མུ་མཐུད་དུ་གྲོང་ཁྱེར་གྱི་བཙོག་ཆུ་གཟུགས་མེད་པ་རྒྱུན་འཁྱོངས་བྱས་ཡོད། ས་རྒྱུའི་ཁོར་ཡུག་སྤུས་ཚད་ཐད། ཁུལ་ཡོངས་ཀྱི་གཙོ་གནད་ལས་རིགས་ཁེ་ལས42དང་བཙོག་ཆུ་གཙང་བཟོའི་སྒྲིག་བཀོད། གད་སྙིགས་ཐག་གཅོད་སྒྲིག་བཀོད། སྨན་བཅོས་གད་སྙིགས་ཐག་གཅོད་སྒྲིག་བཀོད་བཅས་ཀྱི་མཐའ་འཁོར་གྱི་ས་རྒྱུའི་ཚད་གཞིར་སླེབས་ཚད100%ལ་སླེབས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།