དཀར་མཛེས་ཁུལ2020ལོའི་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་གྱི་ཁོངས་ཡོངས་ཡུལ་སྐོར་དམིགས་སར་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། “2020ལོའི་སྐབས་ལྔ་བའི་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་གྱི་ལོ་འཁོར་མིང་ཐོ”དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། དཀར་མཛེས་ཁུལ་ལ“2020ལོའི་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་གྱི་ཁོངས་ཡོངས་ཡུལ་སྐོར་དམིགས་ས”དང་།  ལྕགས་ཟམ་རྫོང་ལ“2020ལོའི་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་གྱི་ཁམས་གསོ་ཡུལ་སྐོར་དམིགས་ས” ། ཏུའུ་ཏོན་ལ“2020ལོའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཡུལ་སྐོར་ཏེ་རིག་གནས་ཡུལ་སྐོར་གྱི་མི་སྣ་གསར་བའི་བྱ་དགའ”དང་བསྟན་འཛིན་ལ“2020ལོའི་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་གྱི་ས་ཁོངས་ཡུལ་སྐོར་གྱི་དམིགས་བསལ་བྱས་རྗེས་བྱ་དགའ”བཅས་ཐོབ་པ་རེད།

《ཀྲུང་གོའི་རྒྱབ་ཁབ་ཡུལ་སྐོར》གྱི་ལོ་འཁོར་མིང་ཐོ་དེ་ཆེད་ལས་ཀྱི་དབང་གྲགས་ལྡན་པའི་དཔྱད་འདེམས་རྐྱེན་གྱིས་མིང་དུ་གྲགས་ཡོད་ལ། ད་ལྟའི་བར་དུ་སྐབས་ལྔ་ལ་གཉེར་ཞིང་། ཐེངས་འདིའི་དཔྱད་འདེམས་ནང་བསྡོམས་པས་ཆེད་ལས་བྱ་དགའ30བདམས་ཡོད། དཀར་མཛེས་ཁུལ་ལ“མི་སྣ”དང“དམིགས་སའི”རིགས་གཉིས་ཀྱི་བྱ་དགའ་བཞི་ཐོབ་པ་དེ་ནི་རིག་གནས་ཡུལ་སྐོར་ལས་རིགས་དང་རྒྱ་ཆེའི་ཡུལ་སྐོར་བ་དག་གིས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལ་ཁས་བླངས་པ་མཚོན་ཡོད་པ་མ་ཟད། དཀར་མཛེས་ཁུལ་གྱིས་ཤུགས་ཡོད་ཚད་ཀྱིས་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་པར་ཡང་རམ་འདེགས་གང་ལེགས་བྱས་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།