འདི་ནི་ཚོགས་རའི་ཡུལ་དངོས་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཀྲུང་ལུགས(བོད་ཆའང་)གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཚོགས་ཆེན་འབར་ཁམས་སུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཀྲུང་ལུགས་གསོ་རིག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་དང་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་ཚོགས་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཁུལ་ཡོངས་ཀྱི་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བདེ་ཐང་གི་རྔ་བ་འཛུགས་སྐྲུན་ལ་ལེགས་སྐྱེས་གསར་པ་འབུལ་དགོས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་དབྱང་ཀྲེང་ཁྲུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལིས་ཝེ་གོ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ལིའུ་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ནི་རང་རྒྱལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན། ནད་རིགས་གསོ་བཅོས་ཀྱི་ཉམས་མྱོང་གསོག་འཇོག་ཁྲོད་རིམ་བཞིན་གྲུབ་པ་ཞིག་ཡིན་ལ། རང་རང་སོ་སོར་མ་ལག་ལྡན་པ། ཐུན་མོང་མ་ཡིན་པ་བཅས་ཀྱི་གསོ་རིག་ཚན་རིག་ཅིག་རེད། རང་རེའི་ཏང་གིས་སྔར་ནས་ཀྲུང་ལུགས་གསོ་རིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ལུགས་གསོ་རིག་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་དུས་རབས་གསར་པའི་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་གཞི་འཛིན་ས་མཁོ་འདོན་གནང་བ་དང་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞིང་ཨུས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ“ཀྲུང་ལུགས་གསོ་རིག་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བ། དེ་བས་ལེགས་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ”བཅས་ཀྱི་བཀོད་སྒྲིག་བྱས་ཏེ་དུས་རབས་གསར་པའི་སི་ཁྲོན་ཀྲུང་ལུགས་(བོད་ཆའང)གསོ་རིག་སྨན་རྫས་འཕེལ་རྒྱས་ལ་འབད་བརྩོན་གྱི་ཁ་ཕྱོགས་དང་ཚད་བརྒལ་གྱི་ཐབས་ལམ་གསལ་སྟོན་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་ཀྲུང་ལུགས(བོད་ཆའང)གསོ་རིག་གི་ལོ་རྒྱུས་གནས་བབ་ལ་ངོས་འཛིན་གཏིང་ཟབ་དང་དུས་རབས་འཕེལ་རིམ་ཁྲོད་ཀྱི་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་བླང་བྱ་གསར་ཤོས་སྟངས་འཛིན་ནན་པོ་བྱས་ཏེ་རྔ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ཏེ་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ལིའུ་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་སྐོར་གྱི་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བརྟན་པོ་བྱས་ཏེ་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་འཕེལ་རྒྱས་ཀྱི་སྲིད་ཇུས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གསར་གཏོད་ནུས་པ་ཆེ་རུ་གཏོང་བ། སྤུས་ལེགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་ཀྱི་རྨང་གཞི་བཏིང་སྟེ་སྨན་བཅོས་དང་བདེ་སྲུང་། རིག་ཚན་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས་སོགས་གོང་སྤེལ་བྱེད་པའི་རྣམ་པ་གྲུབ་ཡོད། རང་ཁུལ་གྱི་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་འཕེལ་རྒྱས་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད་མོད། འོན་ཀྱང་བོད་འབྲེལ་ས་ཁུལ་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་དང་བསྡུར་ན། རང་ཁུལ་གྱི་ཀྲུང་ལུགས(བོད་ཆའང)གསོ་རིག་དང་སྨན་རྫས་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་བལྟོས་བཅས་ཀྱིས་ཅུང་དལ་བ་དང་། ཁེ་ལས་སྐྱེད་སྲིང་དང་སྤུས་རྟགས་འཛུགས་སྐྲུན། ཐོན་ལས་གཞི་ཁྱོན་སོགས་ཐད་ད་དུང་གནད་དོན་དང་ཞན་ཆ་མི་ཉུང་བ་ཞིག་ཐག་གཅོད་བྱ་རྒྱུར་འབད་དགོས་ཀྱི་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་གྱི<<ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར>>ལག་བསྟར་གཏིང་ཟབ་བྱེད་པ་དང་། <<རྔ་བ་ཁུལ་གྱི་ཀྲུང་ལུགས་གསོ་རིག་དང་སྨན་རྫས་འཕེལ་རྒྱས་འཆར་འགོད(2016—2030ལོ)>>ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཚད་བརྒལ་ལམ་བུ་ཡང་དག་འཚོལ་བ། འདེབས་འཛུགས་རྟེན་གཞི་ཆེ་རུ་གཏོང་བ། སྨན་རྫས་བཟོ་སྐྲུན་ཁེ་ལས་སྟོབས་ལྡན་དུ་གཏོང་བ། དམིགས་བསལ་གྱི་སྨན་བཅོས་དང་ཁམས་གསོའི་སྤུས་རྟགས་ལེགས་སྒྲུབ་བཅས་བྱས་ཏེ་མི་རིགས་གསོ་རིག་ཐོན་ལས་ཁུལ་བསྐྲུན་གང་ཐུབ་བྱེད་དགོས།
ལིའུ་ཕིང་གིས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་པ་དང་གཙོ་གནད་ལས་འགན་དམ་འཛིན་བྱས་ཏེ་རང་ཁུལ་གྱི་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རྒྱུན་འཛིན་གསར་གཏོད་མཐའ་འཁྱོངས་བྱེད་པ་དང་ལས་སྟེགས་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་འཛིན་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་ཞིབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྨན་བཅོས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་སྨན་བཅོས་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ཚན་ཁག་བསྐྲུན་པ་དང་གཙོ་གནད་ཆེད་ཚན་ཁག་གཏོད་པ། ཞབས་ཞུའི་ནུས་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། གསར་གཏོད་སོགས་ཀྱི་ཚད་གཞི་ལོན་པར་བྱས་ནས། གཞི་རིམ་གྱི(བོད་ཆའང)སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ་དང་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་རྐང་འཛིན་དཔུང་ཁག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་ཤུགས་རྐྱེན་ལེགས་སུ་གཏོང་དགོས། རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ་དང་། མི་རིགས་ཀྱི་གསོ་རིག་རིག་གནས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཀྱི་གསོ་རིག་རིག་གནས་དྲིལ་བསྒྲགས་སློབ་གསོར་སྣང་ཆེན་བྱེད་པ། མི་རིགས་ཀྱི་གསོ་རིག་རིག་གནས་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་མི་རིགས་རིག་གནས་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་དྲིལ་བསྒྲགས་དང་རྒྱུན་འཛིན། སྲུང་སྐྱོང་བཅས་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས།
ལིའུ་ཕིང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་ཤུགས་ཆེར་གཏོང་བ་དང་། རོགས་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་མཉམ་སྤྱོད་བཅས་བྱས་ནས་ཀྲུང་དབྱང་དང་ཞིང་ཨུའི་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་སྐོར་གྱི་ལས་དོན་ཐབས་ཇུས་བཀོད་སྒྲིག་དང་། ཁུལ་ཨུའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཁོར་ཡུག་ཡག་པོ་ཞིག་བཏོད་ནས་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་རིག་གནས་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་གཏོང་བ། ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་མངོན་པར་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ། ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་དྲ་རྒྱ་སོགས་སྲ་ཆས་འཛུགས་སྐྲུན་ལ་འབད་བརྩོན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ལུགས(བོད་ཆའང་)གསོ་རིག་སྨན་རྫས་ཀྱི་ཁྱད་ལྡན་ཞབས་ཞུ་དང་གཙོ་གནད་རིག་ཚན། གཙོ་གནད་ཆེད་ཚན་རྣམ་གྲངས་འཛུགས་སྐྲུན། དེ་བཞིན་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་རྒྱབ་སྐྱོར་བྱེད་དགོས་ལ། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱས་ནས་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་རྔ་བ་ཁུལ་གྱི་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་འཕེལ་རྒྱས་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པར་བསྟན།
ཚོགས་འདུ་མ་འཚོག་གོང་ལིའུ་ཕིང་དང་དབྱང་ཁེ་ཉིང་། ཝུའུ་ལིས་ཡན་སོགས་ཀྱིས་ཚོགས་ཆེན་ལ་ཞུགས་པའི་བོད་ཆའང་གསོ་རིག་གི་རིགས་གཅིག་མཁས་ཅན་རྒན་གྲས་ཀྱི་འཐུས་མི་ལ་མཇལ་འཕྲད་གནང་།
ལིའུ་ཕིང་གིས་ཚོགས་ཐོག་ཏུ་ད་དུང་ཁུལ་ཡོངས་ཀྱི་རིམས་འགོག་བྱ་བར་བཀོད་སྒྲིག་གནང་།
དབྱང་ཀྲེང་ཁྲུན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་རིག་གནས་རྒྱུན་འཛིན་བྱས་ཏེ་ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་གི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་དང་། མི་རིགས་གསོ་རིག་ཐོན་ལས་སྐྱེད་སྲིང་ཞིབ་ཚགས་བྱེད་པ། ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་འཕེལ་རྒྱས་ཀྱི་རིམ་པ་འཕར་བའི་མྱུར་ཚད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་གསོ་རིག་གིས་མི་དམངས་ཀྱི་གཟུགས་པོའི་བདེ་ཐང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་བཏོན་ཡོད། རྔ་བ་ཁུལ་གྱིས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ཧུར་ཐག་བྱས་ནས་ཀྲུང་ལུགས་གསོ་རིག་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་སྤུས་ལེགས་དང་ནུས་པ་ལྡན་པའི་སྒོ་ནས་བཙུགས་ཏེ་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ། ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ་དང་ཀྲུང་ལུགས་གསོ་རིག་གི་ཐོན་ལས་སྟོབས་ཆེར་གཏོང་རྒྱུ། ལས་རྣམ་གསར་པ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ། ཀྲུང་ལུགས་གསོ་རིག་གི་བདེ་ཐང་ཡུལ་སྐོར་དང་སྨན་བཅོས་ཁམས་གསོའི་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ། རིམ་པ་བཞིན་རྒྱུན་འཛིན་དང་སྲུང་སྐྱོབ་ལ་འབད་པ། བོད་ཆའང་གསོ་རིག་སྨན་རྫས་སྔོག་འདོན་དང་ལེགས་སྒྲིག ལས་ཕྱོད་ཆེ་རུ་གཏོང་དགོས་ལ། ཀྲུང་ལུགས་གསོ་རིག་དང་མི་རིགས་གསོ་རིག་སྨན་རྫས་རྣམ་པ་གསར་བ་དང་སྤུས་ཚདམཐོ་བའི་འཕེལ་རྒྱས་ཡོང་བར་འབད་བརྩོན་བྱེད་དགོས། ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱིས་སྔར་རྒྱུན་བཞིན་རྔ་བ་ཁུལ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་དང་མི་རིགས་གསོ་རིག་ལས་དོན་ཐོན་ལས་རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཚོགས་འདུའི་ཐོག་ད་དུང་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཚན་རྩལ་ཅུས་དང་ཁུལ་བོད་སྨན་ཁང་། སི་ཁྲོན་སྲོང་བཙན་ཞོལ་པེ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད་བྱས།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་། རྫོང(གྲོང་ཁྱེར)ཁག ཝོ་ལུང་དམིགས་བསལ་སྲིད་འཛིན་ཁུལ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཁུལ་ཡོངས་ཀྱི་བོད་ཆའང་གསོ་རིག་གི་རིགས་གཅིག་མཁས་ཅན་གྱི་འཐུས་མི་བཅས་དང་དེ་བཞིན(བོད་ཆའང)སྨན་རྫས་ཁེ་ལས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྔ་བ་ཁུལ་གྱི་ཀྲུང་ལུགས(བོད་ཆའང)གསོ་རིག་སྨན་རྫས་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ཚོགས་ཆེན་འབར་ཁམས་སུ་བསྡུས།