དཀར་མཛེས་རྫོང་ཚྭ་རྩྭ་ཤང་གི་ལས་ཞུགས་དབུལ་སྐྱོར་རྟེན་གཞིར་ཕན་འབྲས་ཐོབ་པ།

W020210205585549712185.png

འདི་ནི་དཀའ་ངལ་ཡོད་པའི་མང་ཚོགས་དང་ངལ་རྩོལ་གན་རྒྱ་འཇོག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཚྭ་རྩྭ་ཤང་དུ་སྐྲུན་པའི་ལས་ཞུགས་དབུལ་སྐྱོར་རྟེན་གཞིར་ངལ་ནུས་དབུལ་པོ20ལྷག་ཙམ་བསྡུ་ལེན་བྱས་ནས་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་། ཟླ་ལྔ་ལྷག་ཙམ་རིང་གཉེར་སྐྱོང་བྱས་པ་བརྒྱུད། ཟླ1པའི་ཚེས15ཉིན་ཚྭ་རྩྭ་ཤང་དུ2020ལོའི་ལོ་འཁོར་གྱི་གླ་ཕོགས་དང་བྱ་དགའི་དངུལ་སྟེར་པའི་མཛད་སྒོ་སྤེལ་བ་དང་། ལས་ཞུགས་མང་ཚོགས་དགའ་སྤྲོ་མཉམ་འཛོམས་བྱས་ཏེ་ཕྱུག་འགྱུར་གྱི་སྤྲོ་སྣང་མཉམ་སྤྱོད་བྱས།

W020210205585550099911.png

འདི་ནི་ལས་བཟོ་བས་ཐོན་སྐྱེད་བྱེད་བཞིན་པའི་ཚུལ་རེད།

རྟེན་གཞི་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་གཅིག་ནས་གནས་ཁེལ་གསོ་སྦྱོང་ལས་ཁུངས་དང་མཉམ་ལས་བྱས་ཏེ་རང་འགུལ་ངང་མངགས་ཐོ་བརྩོན་ལེན་བྱས་ནས་རྟེན་གཞིས་བཟོ་སྐྲུན་དང་སློབ་གྲྭའི་ཕྱིར་ཚོང་གི་རྣམ་པའི་ཐོག་ནས་གཉེར་སྐྱོང་བྱས་ཏེ2020ལོར་ཡོང་འབབ་སྒོར་ཁྲི10འཕར་སྣོན་བྱུང་བ་དང་། གཉིས་ནས1+2(རྨང་གཞིའི་གླ་ཕོགས+བྱས་འབྲས་གླ་ཕོགས+བྱ་དགའི་དངུལ)ཀྱི་རྣམ་པའི་ལས་བཟོ་བའི་གླ་ཕོགས་སྤྲད་པ་དང་། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་བའི་རྨང་གཞིའི་ཐོག་ལས་སྒྲུབ་ཀྱི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་པ་རེད། 2020ལོར་རྨང་གཞིའི་གླ་ཕོགས་སྒོར་ཁྲི4.85དང་བྱས་འབྲས་གླ་ཕོགས་དང་བྱ་དགའི་དངུལ་སྒོར་ཁྲི2.25སྤྲད་པ་རེད།

W020210205585550458933.png

འདི་ནི་མངགས་ཐོ་བཟོས་རྗེས་སློབ་མཚམས་མི་ཆད་པར་ཚོད་འཛིན་བྱེད་པའི་གསོ་སྦྱོང་ས་ཚིགས་སུ་འཚོང་བའི་རྣམ་པ་རེད།

W020210205585550721931.png

W020210205585550956232.png

འདི་ནི་གླ་ཕོགས་དང་བྱ་དགའི་དངུལ་ལེན་བཞིན་པ།

ལས་ཞུགས་དབུལ་སྐྱོར་རྟེན་གཞི་སྐྲུན་པ་དེས་མང་ཚོགས20སྒོ་འགྲམ་དུ་ལས་ཞུགས་ཐུབ་ནས་གླ་ཕོགས་ཐོག་མ་རག་ཏུ་བཅུག་པ་མ་ཟད། རྒྱ་ཆེའི་འབྲོག་པ་མང་ཚོགས་ཚོའི་ངལ་རྩོལ་གཟི་བརྗིད་ཀྱི་དད་སེམས་ཀྱང་སྲ་བརྟན་དུ་བཏང་སྟེ། ཤང་ཡོངས་ཀྱི་ཁྱབ་ཁོངས་སུ“དབུལ་སྐྱོར་ནི་གཞན་གྱིས་གསོ་རྒྱུ་མིན་ལ། ཕྱུག་འགྱུར་ཡོང་བར་རང་ཉིད་ཀྱིས་འབད་དགོས་པའི”སྲོལ་བཟང་པོ་ཞིག་གཏད་ཡོད།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།