རྔ་བ་རྫོང་གིས་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ལས་དོན་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དོན་དངོས་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་སྤེལ་བ་དང་། བདེ་འཇགས་ཐོན་སྐྱེད་འགན་འཁྲི་ལམ་ལམ་ལུགས་དོན་འཁྱོལ་བྱ་ཆེད། ཉེ་སྔོན་རྔ་བ་རྫོང་འཕྲལ་བསྟུན་དོ་དམ་ཅུས་ཀྱིས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་། རྫོང་དཔལ་འབྱོར་ཆ་འཕྲིན་ཅུས་དང་མཉམ་འབྲེལ་གྱིས་ཆེད་དོན་ཞིབ་བཤེར་ཚན་ཆུང་བཙུགས་ནས། ཁོངས་གཏོགས་ས་ཁུལ་ནང་ཁུལ་གྱི་ཕྱོགས་བསྡུས་ཁྲོམ་རའི་བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་བྱས། 

ཞིབ་བཤེར་ཚན་ཆུང་གིས་ཚོང་ཁང་ལ་མེ་ཟོན་སྔོན་འགོག་བདེ་འཇགས་མངོན་མེད་རྐྱེན་ངན་འཚོལ་རོགས་བྱས་ཏེ། དོ་དམ་ལམ་ལུགས་ཀྱི་མངོན་མེད་རྐྱེན་ངན་ཚད་ལྡན་དུ་བཏང་བ་མ་ཟད། ཞིབ་བཤེར་བྱས་ནས་རྙེད་པའི་གནད་དོན་ཁེ་ལས་ལ་དུས་བཅད་ལྟར་ལེགས་བཅོས་དང་ཡུན་རིང་ལ་ལེགས་བཅོས་བྱེད་དགོས་པའི་སྐུལ་འདེད་བྱས། ཁྲོམ་ར་ནང་ཁུལ་གྱི་ཚོང་ཁང་ལ་མེ་ཟོན་ཡོ་བྱད་མེད་པའམ་ཡང་ན་མེ་ཟོན་ཡོ་བྱད་ཆག་སྐྱོན་ཤོར་བའི་རིགས་ཀྱིས་ཡོ་བྱད་བརྗེ་བ་དང་གསར་དུ་ཉོ་བར་སྐུལ་འདེད་བཏང་།  མེ་ཟོན་བགྲོད་ལམ་བཀག་ཡོད་པའི་ཚོང་ཁང་དག་ལ་ཞིབ་བཤེར་བྱས་ནས་དུས་བཅད་ལྟར་མེ་ཟོན་བགྲོད་ལམ་ཤར་གཏོང་ཐུབ་པ་བྱས། གློག་ཆས་དང་གློག་སྐུད་ལ་གནད་དོན་བྱུང་བར། རྒྱལ་ཁབ་གློག་དྲས་ཡུན་རིང་བོར་ཞིབ་བཤེར་བྱེད་དགོས་པ་ཟད། ཚོང་བདག་གིས་དུས་ལྟར་གློག་ཤུགས་ཀུང་སི་ལ་འབྲེལ་བ་བྱས་ནས་གློག་སྐུད་རྙིང་བ་བརྗེ་བ་དང་། ཚོང་ཁང་ལ་གློག་སྐུད་གང་འདོད་དུ་གང་སར་མི་འཐེན་པའི་བཀའ་བསྒྲགས་ནས། བདེ་འཇགས་ཐོན་སྐྱེད་དོན་རྐྱེན་མི་འབྱུང་བར་སྔོན་འགོག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།