དཀར་མཛེས་ཁུལ་གྱིས2020ལོའི་བཟོ་ལས་དངུལ་གཏོང་ལས་འགན་ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས27ཉིན། གསར་འགོད་པས་དཀར་མཛེས་ཁུལ་དཔལ་འབྱོར་བརྡ་འཕྲིན་ཅན་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། དཀར་མཛེས་ཁུལ་གྱིས་2020ལོའི་བཟོ་ལས་དངུལ་གཏོང་དང་ལག་རྩལ་བཟོ་བཅོས་དངུལ་གཏོང་ལས་འགན་ལེགས་འགྲུབ་བྱས་ཤིང་། ལོ་ཧྲིལ་བོར་བཟོ་ལས་དངུལ་གཏོང་སྒོར་དུང་ཕྱུར177.34ལེགས་འགྲུབ་བྱས་པ་དང་། དམིགས་འབེན་ལས་འགན་གྱི་བརྒྱ་ཆའི177ལེགས་འགྲུབ་བྱས་ཏེ། ལག་རྩལ་བཟོ་བཅོས་དངུལ་གཏོང་སྒོར་དུང་ཕྱུར5.88ལེགས་འགྲུབ་བྱས་ལ། དམིགས་འབེན་ལས་འགན་གྱི130%ལེགས་འགྲུབ་བྱས། 

ཤེས་གསལ་བྱུང་བ་ལྟར་ན། 2020ལོའི་དཀར་མཛེས་ཁུལ་ཡོངས་ཀྱི་གཙོ་གནད་བཟོ་ལས་ལས་གཞི17ཡོད་པ་དང་། དངུལ་གཏོང་སྒོར་དུང་ཕྱུར144ལེགས་འགྲུབ་བྱས་ཤིང་། དེས་བཟོ་ལས་དངུལ་གཏོང་གི81%ཟིན། ལས་རིགས་ཀྱི་དབྱེ་བ་ནས་བལྟས་ན། སྐྱེ་ཁམས་ནུས་ཁུངས་ལས་རིགས་ཀྱི་ལས་གཞི14ཡི་དངུལ་གཏོང་སྒོར་དུང་ཕྱུར134.7དང་། དེས་བཟོ་ལས་དངུལ་གཏོང་གི76%ཟིན་ཞིང་། དགེ་མཚན་ལྡན་པའི་གཏེར་ཁུངས་ཐོན་ལས་ལས་གཞི3ཡི་དངུལ་གཏོང་སྒོར་དུང་ཕྱུར0.93ལེགས་འགྲུབ་བྱས་ཤིང་། དེས་བཟོ་ལས་དངུལ་གཏོང་གི0.5%ཟིན། འཛུགས་སྐྲུན་གྱི་ངོ་བོ་ནས་བལྟས་ན། ལས་གཞི15ཡི་དངུལ་གཏོང་སྒོར་དུང་ཕྱུར127ལེགས་འགྲུབ་བྱས་ཤིང་། གསར་དུ་ལས་མགོ་བརྩམས་པའི་ལས་གཞི2དང་། དངུལ་གཏོང་སྒོར་དུང་ཕྱུར2.9ལེགས་འགྲུབ་བྱས། ལས་ཚར་བའི་ལས་གཞི5ཡོད་པ་དང་། དངུལ་གཏོང་སྒོར་དུང་ཕྱུར2.3ཡིས་གཙོ་གནད་བཟོ་ལས་ལས་གཞིའི་སྤྱི་གྲངས་ཀྱི29.4%ཟིན་ཞིང་། གཙོ་གནད་ལས་གཞིས་ཁུལ་ཡོངས་ཀྱི་བཟོ་ལས་དངུལ་གཏོང་འཕར་བར་སྒུལ་ཤུགས་མཁོ་འདོན་བྱས།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།