རྔ་བ་རྫོང་གིས་འཁྱགས་ཉར་སྐྱེལ་འདྲེན་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་དམིགས་འཛིན་གྲྭ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས15ཉིན། རྔ་བ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྣེ་ཁྲིད་དེ་འཁྱགས་ཉར་དངོས་ཟོག་འཁོར་རྒྱུག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དམིགས་འཛིན་གྲྭ་བཙུགས་པ་མ་ཟད། འཁྱགས་ཉར་དངོས་ཟོག་འཁོར་རྒྱུག་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་དམིགས་འཛིན་གྲྭའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།

རྫོང་གི་བླང་བྱ་ལྟར། འབྲེལ་ཡོད་སྡེ་ཁག་སོ་སོས་ངེས་པར་དུ《སི་ཁྲོན་ཞིང་ཆེན་འཁྱགས་ཉར་དངོས་ཟོག་འཁོར་རྒྱུག་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཇུས་གཞི》དང《རྔ་བ་ཁུལ་འཁྱགས་ཉར་ཟས་རིགས་རིམས་ནད་གནས་བབ་སྔོན་འགོག་ཚོད་འཛིན་མཉམ་འབྲེལ་གྱི་ཁྲིམས་བསྟར་ཞིབ་བཤེར་ལྟ་སྐུལ་བྱ་བའི་ཇུས་གཞི》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། འཁྱག་ཉར་དངོས་ཟོག་འཁོར་རྒྱུག་རིམས་ནད་སྔོན་འགོག་ཚོད་འཛིན་འགན་འཁྲི་ཁ་གསལ་བཟོས་པ་དང་། ཟླ་རེར་ལས་བགོས་ལས་འགན་ལ་སྐུལ་འདེད་བཏང་བ་དང་། དུས་ཐོག་ཏུ་འཁྱགས་ཉར་དངོས་ཟོག་འཁོར་རྒྱུག་རིམས་ནད་སྔོན་འགོག་བྱ་བའི་འཕེལ་རྒྱས་གནས་བབ་ཆེད་དུ་ཡར་ཞུ་བྱེད་དགོས། དུས་མཚུངས་ཁུལ་ཚོང་ར་ལྟ་སྐུལ་དོ་དམ་ཅུས་དང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག7གྱིས་མཉམ་འབྲེལ་སྒོས་ཞིབ་བཤེར་ཚན་ཆུང་བཙུགས་ནས། རྔ་བ་ཁུལ་གྱི་ཞིང་ཕྱུགས་ཐོན་ཟོག་སྡེབ་འཚོང་ཚོང་རར་ཟབ་ཞུགས་བྱས་ཏེ། ནང་འདྲེན་འཁྱགས་ཉར་ཟས་རིགས་གཉེར་སྐྱོང་དུད་ཁྱིམ6ལ་ཆེད་དོན་ཞིབ་བཤེར་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།