མཛོད་དགེ་ནོར་རྒྱལ་ཆུ་མགོ་གཙང་འགྲམ་དུ་དགུན་སྒྲོལ་བཞིན་པའི་བྱ་ངང་དཀར།

3.jpg

བྱ་ངང་དཀར་ཁྱུ་ཚོགས།

4.jpg

མཐོ་སྒང་གི་བྱ་ངང་དཀར།

5.jpg

བྱ་ངང་དཀར་ཁྱུ་ཚོགས།

6.jpg

ཆུ་ངོགས་སུ་རྩེད་འཇོར་རོལ་བཞིན་པའི་བྱ་ངང་དཀར།

7.jpg

མཐོ་སྒང་གི་བྱ་ངང་དཀར།

8.jpg

ཆུ་ནང་དུ་རྩེད་འཇོར་རོལ་བཞིན་པའི་བྱ་ངང་དཀར།

9.jpg

འཕུར་སྐྱོད་བྱེད་བཞིན་པའི་བྱ་ངང་དཀར།

2.jpg

གཙང་ངོགས་སུ་ཡོད་པའི་བྱ་ངང་དཀར།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བསྟུད་མར་ཉིན་འགའ་ལ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་རྨེ་ཆུ་ཤང་གི་ནོར་རྒྱལ་ཆུ་མགོའི་གཙང་འགྲམ་དུ་བྱ་ངང་དཀར་རྣམས་གཅིག་རྗེས་གཉིས་མཐུད་ངང་དགུན་སྒྲོལ་བར་སླེབས་པ་དང་། ལེ་དབར་སྟོང་ཙམ་བརྒལ་ནས་དགུན་སྒྲོལ་བར་སླེབས་པའི་བྱ་ངང་དཀར་དེ་དག་གིས་ནོར་རྒྱལ་ཆུ་མགོའི་གཙང་བོར་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཞིག་གྲུབ་པ་དང་། བྱ་ངང་དཀར་བརྒྱ་ལྷག་ཙམ་གྱིས་མཚོ་ངོགས་སུ་རང་དབང་གིས་ཟས་འཚོལ་ཞིང་རྩེད་འཇོར་རོལ་ནས་སྐབས་རེར་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་བཞིན་ཡོད་ལ། སྐབས་རེར་མཚོ་ངོགས་སུ་འཕུར་སྐྱོད་བྱེད་པ་བཅས་ཀྱིས། གངས་འཁྱགས་ཀྱི་མཐོ་སྒང་གི་འདམ་རར་གསོན་ཤུགས་གསར་བ་ཞིག་བསྣན་ནས་དགུན་དུས་རྩྭ་ཐང་གི་རང་བྱུང་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།