འཛམ་ཐང་རྫོང་གིས4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མ་བཏོད་པ།

2.jpg

ཛམ་བྷ་ལ་རིག་གནས་ཡུལ་སྐོར4Aམཛེས་ལྗོངས་ཁུལ།

3.jpg

ལྗོངས་ཁུལ་གྱི་རྣམ་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས20ཉིན། སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཐོན་ཁུངས་འཆར་འགོད་དང་གསར་འབྱེད་ཀྱི་སྤུས་ཚད་དཔྱད་བསྡུར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚོགས་ཡོངས་སུ་ཁྱབ་བསྒྲགས་བྱས་པ་ལྟར་ན། འཛམ་ཐང་རྫོང་གི་ཛམ་བྷ་ལ་རིག་གནས་ཡུལ་སྐོར་ས་ཁུལ་དེ4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་ཆོག་མཆན་བཀོད་པ་དང་། དེ་ནི་འཛམ་ཐང་རྫོང་གི་རྒྱལ་ཁབ་ཀྱི4Aརིམ་པའི་ལྗོངས་ཁུལ་ཐོག་མར་གྱུར།

ཤེས་རྟོགས་བྱུང་བར་གཞིགས་ན། ཛམ་བྷ་ལ་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དེ་རི་བོ་གཅིག་དང་གཙང་བོ་གཅིག གྲོང་ཚོ་གཅིག་དང་དགོན་པ་གསུམ་བཅས་ཀྱིས་གྲུབ་ཅིང་། གསར་འཛུགས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2.28ཟིན་ཡོད། ལྗོངས་ཁུལ་དེའི་རིག་གནས་ནང་དོན་གཏིང་ཟབ་པ་དང་། མི་སྡོད་ཁོར་ཡུག་མཛེས་སྡུག་ལྡན་ལ་འཆམ་མཐུན་ཡིན་པ། སྤྲོ་གསེང་གི་ལས་རིགས་ཕུན་སུམ་ཚོགས་པ། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་་ཡིན་པ། ཕྱོགས་བསྡུས་དོ་དམ་འགན་སྲུང་ཤུགས་ཆེར་ལྡན་པས། རང་བྱུང་རི་ཀླུང་གི་རྣམ་པ་དང་ས་གནས་རིག་གནས་ཁྱད་ཆོས་འབུར་དུ་ཐོན་ལ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་ གྲོང་རྡལ་མཛེས་ལྗོངས་བཅས་མཉམ་འདྲེས་ཡིན་པའི་ཁྱད་ཆོས་ལྡན། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།