དཀར་མཛེས་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དར་མདོར་འཚོགས།

ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དར་མདོར་འཚོགས།

ལིའུ་ཁྲེང་མིང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་། ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས། ལི་ཁང་དང་བྱང་ཆུབ་གྲོས་ཚོགས་སུ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་དང་པོའང་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་རིམ་དང་ཞིང་ཆེན་ཏང་ཨུས་དཀར་མཛེས་ཁུལ་ལ་ལས་ཀ་བླང་བྱ་གནང་བ་དག་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་པ་དང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཤིང་། ཁུལ་ཨུའི་སྤྱིའི་ལས་ཀའི་གནས་བབ་ལྟར་འཕེལ་རྒྱས་གསར་པའི་དུས་རིམ་ལ་གནས་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་གསར་པའི་གནས་བབ་ཏུ་ཞུགས་པ་བཅས་བྱས་ནས་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་བརྗོད་དོན་གཙོ་བོར་བྱས་པ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ཇེ་ཟབ་ཏུ་གཏང་རྒྱུས་གཙོ་བོར་བྱས་ཤིང་། བཅོས་བསྒྱུར་གསར་གཏོད་དེ་གཞི་རྩའི་སྐུལ་ཤུགས་སུ་བྱས་པ། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་ཡིད་སྨོན་བྱེད་པའི་འདོད་བློ་བསྐང་བ་དེས་དམིགས་ཡུལ་གཙོ་བོར་བྱས་པ། སྤྱི་ཚོགས་གཞི་ཁྱོན་ཆེན་པོ་བརྟན་བརླིང་ཡོང་བ་དེ་སྔོན་འགྲོ་ཆ་རྐྱེན་བྱས་ཤིང་། རྒྱུད་རིམ་ལྡན་པའི་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཏེ་ཏོག་གསར་གློ་རིམས་ཀྱི་རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བརྟན་པོ་དྲུག་གི་ལས་ཀ་ཡག་མོ་སྒྲུབ་པ། འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་ཡག་མོ་རྩོམ་ཐུབ་པ་བྱས་ནས་སྦྱངས་འབྲས་ལེགས་པོའི་ཐོག་ནས་ཏང་དབུ་བརྙེས་ནས་ལོ100འཁོར་བར་བསུ་མ་ཞུ་དགོས།

སྤྱི་ཟླ་དང་པོའི་ཚེས18ཉིན་ལ་ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དར་མདོར་འཚོགས་ཤིང་། གྲོས་ཚོགས་ཐོག་ཀྲུང་དབྱང་དང་ཞིང་ཆེན་གྱི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་ཟབ་མོ་བྱས་པ་དང་ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་བྱས་ཤིང་། ད་དུང་ན་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཕྱོགས་བསྡོམས་དང་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ད་ལོའི་དཔལ་འབྱོར་ལས་ཀར་བཀོད་སྒྲིག་བཅས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་སུ་ཕེབས་ཤིང་གསུང་བཤད་གནང་། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་གཙོ་འགན་བཞེས་པ་དང་དེ་དང་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཡོད།

ལིའུ་ཁྲེང་མིང་གིས་གསུངས་དོན། 2020ལོར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྲ་ཞིང་བརྟན་པའི་ཁྲིད་སྟོན་གནང་འོག བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཏོག་གསར་གློ་རིམས་ཀྱི་རིམས་བབ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ཤིང་། བྱ་ཐབས་སྣ་མང་མཉམ་བླངས་བྱས་ཏེ་ཞིང་ལས་ཀྱི་བྱས་རྗེས་མང་པོ་འབུལ་བ་དང་བཟོ་ལས་ཀྱིས་ལས་འགན་གཙོ་བོ་ཁུར་བ། མ་འཇོག་གཙོ་བོར་བྱས་པ། འཛད་སྤྱོད་བྱས་ནས་རིམ་པ་སྤོ་བ་བཅས་ལ་སྐུལ་འདེད་བཏང་ཤིང་། འཐབ་ཇུས་ཆེན་པོ་བཞི་ལག་ལེན་བསྟར་བ་དང་གསུམ་འཛུགས་མཉམ་འགུལ་ལ་སྐུལ་འདེད་གཏང་རྒྱུ་གཞི་འཛིན་ཡས་བྱས་ཏེ། བརྟན་པོ་དྲུག་གི་ལས་ཀ་ཡག་མོ་བསྒྲུབ་པ་དང་ཁྱོན་ཡོངས་ནས་འགན་ལེན་དྲུག་གི་ལས་འགན་དོན་འཁྱོལ་བྱེད་པ། ཏོག་གསར་གློ་རིམས་ཀྱི་རིམས་བབ་ཉེན་ཁ་དེ་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཏུ་བརྩིས་ཤིང་། ཐོན་ཁུངས་ཀྱི་བཟང་ཆ་དེ་དཔལ་འབྱོར་ལེགས་ཆར་བསྒྱུར་བ་དང་། ཁུལ་ཡོངས་སུ་དཔལ་འབྱོར་བརྟན་ཤུགས་དོད་པོ་མངོན་པ། འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྲ་ཞིང་བརྟན་པོར་སྤོ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སུ་ཆེས་ཆེར་གཏོང་བ། ས་ཁོངས་དཔལ་འབྱོར་དེ་བས་མཐུན་སྦྱོར་ཐུབ་ཅིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་དོ་དན་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྔར་བས་ཇེ་ཆེར་སློང་བ། དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་སུ་འཕེལ་རྒྱས་ཡོང་ཡོད་པ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། 2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་ཚུགས་པའི་ལོ་དང་པོའང་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་རིམ་དང་ཞིང་ཆེན་ཏང་ཨུས་དཀར་མཛེས་ཁུལ་ལ་ལས་ཀ་བླང་བྱ་གནང་བ་དག་དོན་འཁྱོལ་མཐར་ཕྱིན་བྱེད་ཅིང་། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་ཅིང་། ཁུལ་ཨུའི་སྤྱིའི་ལས་ཀའི་གནས་བབ་ལྟར་འཕེལ་རྒྱས་གསར་པའི་དུས་རིམ་ལ་གནས་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་བ། འཕེལ་རྒྱས་གསར་པའི་གནས་བབ་ཏུ་ཞུགས་ཤིང་། འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་བརྗོད་དོན་གཙོ་བོར་བྱས་པ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་ཇེ་ཟབ་ཏུ་གཏང་རྒྱུས་གཙོ་བོར་བྱེད་པ། བཅོས་བསྒྱུར་གསར་གཏོད་དེ་གཞི་རྩའི་སྐུལ་ཤུགས་སུ་བྱས་པ། མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་ཡིད་སྨོན་པའི་འདོད་བློ་བསྐང་བ་དེས་གཙོ་བོར་བྱས་པ། སྤྱི་ཚོགས་གཞི་ཁྱོན་ཆེན་པོ་བརྟན་བརླིང་ཡོང་བ་དེ་སྔོན་འགྲོའི་ཆ་རྐྱེན་བྱས་ཤིང་།རྒྱུད་རིམ་ལྡན་པའི་ལྟ་ཚུལ་རྒྱུན་འཁྱོངས་བྱས་ཏེ་ཏོག་གསར་གློ་རིམས་ཀྱི་རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། བརྟན་པོ་དྲུག་གི་ལས་ཀ་ཡག་མོ་སྒྲུབ་པ། འགན་ལེན་དྲུག་གི་ལས་འགན་ཁྱོན་ཡོངས་སུ་དོན་འཁྱོལ་བཅས་བྱས་ཏེ་ཁྱོན་ཡོངས་ནས་ལོ་ལྔའི་འཆར་འགོད་བཅུ་བཞིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་ཡག་མོ་རྩོམ་ཐུབ་པ་བྱས་ནས་སྦྱངས་འབྲས་ལེགས་པོ་ཐོག་ནས་ཏང་དབུ་བརྙེས་ནས་ལོ100འཁོར་བར་བསུ་མ་ཞུ་དགོས།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཞིབ་ཕྲའི་ལས་ཀའི་ནང་གཅིག་གྱུར་འཆར་འགོད་ལྔ་དོན་འཁྱོལ་ཡག་པོ་བྱ་དགོས། གཅིག་ནི་མིག་སྔ་དང་ཕུགས་ཡུན་ལ་གཅིག་གྱུར་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་དམ་འཛིན་བྱས་ཤིང་། དཀར་མཛེས་ཁུལ་གྱི་ཐོན་ཁུངས་བཟང་ཆ་དང་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཐོན་ལས་བཟང་ཆ་དང་དཔལ་འབྱོར་བཟང་ཆར་ཟུང་འབྲེལ་དམ་ཟབ་བྱ་དགོས། གཉིས་ནི་གཙོ་གནད་དང་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་རྨང་གཞིའི་འགོག་རྐྱེན་བཅུར་འགག་གཏོར་ཤུགས་ཆེ་རུ་གཏང་དགོས། གསུམ་ནི་སྐྱེ་ཁམས་སྲུང་སྐྱོང་དང་འབྱུང་འཕྲོད་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་སུ་བསྐྲུན་དགོས། བཞི་ནི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་ཉེན་ཁ་སྣ་ཚོགས་ཕུན་ནུས་ལྡན་པའི་སྒོ་ནས་སྔོན་འགོག་བྱ་དགོས། ལྔ་ནི་རྒྱུན་རྣམ་ཅན་གྱི་རིམས་བབ་འགོག་ཟོན་དང་དཔལ་འབྱོར་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་ཕྱོགས་གཉིས་ཀར་མཐུན་པའི་དཔལ་འབྱོར་གྱི་སྒྲིག་ལམ་ཞིག་ཆགས་པར་བྱ་དགོས།

ལིའུ་ཁྲེང་མིང་གིས་ད་ལོའི་དཔལ་འབྱོར་ལས་དོན་ནི་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་ལག་མགྱོགས་མྱུར་བསྐྲུན་རྒྱུར་དམ་འཛིན་ཏན་ཏིག་དང་། ལོ་འཁོར་གྱི་ལས་གཞི་གལ་ཆེན་ལ་སྐུལ་འདེད་ཤུགས་ཆེན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན། ཁུལ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཡུལ་སྡེ་དར་རྒྱས་གཏང་རྒྱུར་ཤུགས་བརྒྱག་རྒྱུ་དང་། ཆུ་ཚད་མཐོ་བའི་སྒོ་ནས་བཅོས་བསྒྱུར་སྒོ་འབྱེད་རྒྱ་ཆེ་རུ་གཏང་རྒྱུ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏང་རྒྱུ། གཞི་རྩའི་དམངས་འཚོར་འགན་ལེན་ཏན་ཏིག་བྱ་རྒྱུ་སོགས་ཀྱི་གཙོ་གནད་ལས་འགན་བདུན་ལག་ལེན་བསྟར་དགོས་ཞེས་བླང་བྱ་བཏོན་པ་རེད།

ལིའུ་ཁྲེང་མིང་གིས་ཏང་གིས་དཔལ་འབྱོར་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་བརྒྱབ་སྟེ། གཅིག་ནི་ཏང་ཨུས་དཔལ་འབྱོར་ལས་དོན་ལ་མགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཁྱོན་ཡོངས་ནས་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་ལ་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་དོན་གྱི་ལམ་སྲོལ་དོན་འཁྱོལ་དང་ལས་ཕྱོད་དཔྱད་བསྡུར་ལ་ཤུགས་སྣོན། མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཁ་གསལ་བཅས་བྱ་དགོས། གཉིས་ནི་གནས་བབ་གསར་པའི་འོག་དཔལ་འབྱོར་ལས་དོན་དམ་འཛིན་བྱེད་ནུས་ཆེ་རུ་གཏང་དགོས། ཁྱད་པར་དུ་ཆོས་ཉིད་ཁོང་དུ་ཆུད་པའི་ནུས་པ་དང་ལག་བསྟར་དོན་འཁྱོལ་བྱེད་ནུས། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ནུས་བཅས་ཆེ་རུ་གཏང་རྒྱུར་དོ་སྣང་བྱ་དགོས། གསུམ་ནི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཉེན་ཟོན་དང་ཁ་གཏད་ནུས་ལྡན་འཇལ་ནས་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བརྟན་པོ་དང་། གཙོ་གནད་ཁྱབ་ཁོངས་ལ་དོགས་ཟོན་གྱི་བདེ་འཇགས་ཉེན་ཁ་འགོག་ཟོན་བྱ་རྒྱུར་དམིགས་ཏེ་ཉན་ཁ་གཞན་དག་ལ་ཁ་གཏད་ཧུར་ཐག་བཅག་དགོས། བཞི་ནི་རྩ་བ་བརྟན་སྲུང་བྱས་ནས་སྤྱོད་གཙང་གི་རྨང་གཞི་རྒྱུན་འཁྱོངས་བྱས་ཏེ་བརྩོན་འགྲུས་ཀྱི་མིག་དཔེ་དང་། སྤྱོད་གཙང་གི་དཔེ་བཟང་། དངོས་གཉེར་གྱི་དཔེ་སྟོན་བཅས་བྱ་དགོས།

ལིའུ་ཁྲེང་མིང་གིས་མིག་སྔར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གཤམ་གྱི་གཙོ་གནད་ལས་ཀར་དམ་འཛིན་བྱ་དགོས་པ་སྟེ། གཅིག་ནི་ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་གྱི་རིམས་བབ་འགོག་ཟོན་ལ་དམ་འཛིན་ཡག་པོ་བྱ་དགོས། གཉིས་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་ཀར་དམ་འཛིན་མཐའ་གཅིག་ཏུ་བྱ་དགོས། གསུམ་ནི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། བཞི་ནི་དུས་ཚིགས་དང་པོའི་གཙོ་གནད་ལས་གཞིའི་གཅིག་སྡུད་ཐོག་ལས་མགོ་འཛུགས་པའི་གྲ་སྒྲིག་ལས་ཀར་དམ་འཛིན་ཡག་པོ་བྱ་དགོས། ལྔ་ནི་དཔྱིད་རྨོད་ཐོན་སྐྱེད་ལས་ཀར་གྲ་སྒྲིག་ཡག་པོ་བྱ་དགོས། དྲུག་ནི་དམངས་འཚོ་འགན་ལེན་དང་དུས་ཆེན་རིང་གི་མཁོ་སྤྲོད་ལ་འགན་ལེན་ཡག་པོ་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།