2020ལོར་རྔ་བ་ཁུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར301.14ལ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོར་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3604.01སྣེ་ལེན་བྱས་པ་དང་ཡོང་འབབ་སྒོར་དུང་ཕྱུར301.14མངོན་འགྱུར་བྱུང་བས། དུས་མཚུངས་དང་བསྡུར་ན་སོ་སོར14.15%དང་32.32%འཕར་སྣོན་བྱུང་ཡོད། 

རྒྱུས་ལོན་བྱུང་བ་ལྟར་ན། རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་ཡུལ་སྐོར་བ་མི་ཐེངས་ཁྲི1882.79སྣེ་ལེན་བྱས་པ་དང་། སྒོ་བྱང་འཛིན་ཡིག་བཙོང་བའི་ཡོང་འབབ་སྒོར་ཁྲི37376.88མངོན་འགྱུར་བྱུང་བས། དུས་མཚུངས་དང་བསྡུར་ན་སོ་སོར40.41%དང11.78%འཕར་ཡོད། ཤང་སྡེའི་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི1649.2སྣེ་ལེན་བྱས་པ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར68.03ལ་སླེབས། གསར་བརྗེའི་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི344.26སྣེ་ལེན་བྱས་ཤིང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར5.13ལ་སླེབས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།