རྔ་བ་རྫོང་གིས་ནང་འདྲེན་ཚོང་གཉེར་བའི་འཁྱགས་སྦྲེལ་ཟས་རིགས་གཏན་འབེབས་ལྟར་ཐོ་འགོད་སྙན་ཞུ་བྱས་མེད་པའི་གྱོད་དོན་ཞིག་རྩད་ཆོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྔ་བ་ཁུལ་གྱིས“དཔྱིད་གསར་བྱ་འགུལ2021”དང་འཁྱགས་སྦྲེལ་ཟས་རིགས་འཁོར་རྒྱུག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་འཛིན་བྱ་འགུལ་གྱི་བླང་བྱ་ལྟར། ཉེ་སྔོན་རྔ་བ་ཁུལ་གྱིས་འཁྱགས་སྦྲེལ་ཟས་རིགས་ནང་འདྲེན་བྱེད་པ་གཙོ་བོར་བཟུང་ནས། འཁྱག་སྦྲེལ་ཟས་རིགས་ཀྱི་འབྲེལ་ཡོད་གྱོད་གཞིར་ཞིབ་གཅོད་བྱེད་ཤུགས་ཆེ་རུ་བཏང་བར། ནང་འདྲེན་ཚོང་གཉེར་གྱི་འཁྱག་སྦྲེལ་ཟས་རིགས་གཏན་འབེབས་ལྟར་ཐོ་འགོད་སྙན་ཞུ་བྱས་མེད་པའི་གྱོད་གཞི་ཞིག་རྩད་ཆོད།

ཞིབ་བཤེར་བྱས་པ་བརྒྱུད། རྔ་བ་རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཱ་ཆེ་གེ་མོ་དང་ཙེ་ཆེ་གེ་མོས་འཁྱགས་སྦྲེལ་ཟས་རིགས་ནང་འདྲེན་གྱི་གཏན་འབེབས་དང་འགལ་ཏེ། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་ཐོ་འགོད་སྙན་སེང་མ་ཞུས་པར་གང་འདོད་ཀྱིས་ཟས་རིགས་ཕྱིར་འཚོང་བྱས་པ་མ་ཟད། ད་དུང་འཁྱགས་སྦྲེལ་ཟས་རིགས་སྐྱེལ་འདྲེན་ཡོ་བྱད་འཁྱགས་སྦྲེལ་རླངས་འཁོར་མིན་ལ། ཚོང་གཉེར་བྱེད་པའི་བོད་ཟས་ཁང་ལ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་བླངས་མེད་པ་ཤེས། རྔ་བ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཁྲིམས་ལྟར་མཱ་ཆེ་གེ་མོ་དང་ཙེ་ཆེ་གེ་མོས་གཉེར་སྐྱོང་བྱེད་པའི་བོད་ཟས་ཁང་གི་ལས་གཉེར་ལག་ཁྱེར་ཕྱིར་བླངས་པར་མ་ཟད། སྒོར9000ཡི་དངུལ་ཆད་བཅད། དེ་མིན་རྔ་བ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་འབྲེལ་ཡོད་མི་སྣར་པྲོག་གསར་གློ་ཚད་རིམས་ནད་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་བྱས་པས་མཇུག་འབྲས་སྲིབ་གཤིས་སུ་མངོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།