ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། དར་རྩེ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་སྣེ་ཁྲིད་དང་། དར་རྩེ་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས། གྲོང་ཁྱེར་མི་དོན་ཅུའུ། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་བཅས་ཀྱི་ལས་ཁུངས་ཀྱིས་མཉམ་འབྲེལ་གྱིས་བདེ་ཆེན་རླངས་འཁོར་འབབ་ཚིགས་སུ“དཔྱིད་གསར་སྐབས་ཀྱི་འགྲུལ་བཞུད་ལ་བརྩེ་སེམས་བཅངས་ནས། ཞོར་ལས་པ་ཁྲི་སྟོང་མང་པོ་རང་ཁྱིམ་དུ་ལོག་ནས་ལོ་སར་རོལ་བར་རོགས་རམ་བྱེད”པའི་བྱ་འགུལ་སྤེལ་བ་མ་ཟད། ཞོར་ལས་པ་ཕྱིར་རང་ཁྱིམ་དུ་ལོག་པར་ཞབས་ཞུ་ས་ཚིགས་བཙུགས་ནས། ཞོར་ལས་པ་རྣམས་ལ་ཁྲིམས་ལུགས་དང་བྱ་བའི་གྱི་འདྲི་རྟོག་ཞབས་ཞུ་བསྒྲུབས།
དར་རྩེ་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ལས་བཟོ་བས་ཁྱབ་བསྒྲགས་ཡིག་ཆ་བཟུང་ནས་གསར་འགོད་པར་བཤད་རྒྱུར། ཞོར་ལས་པར་ཞབས་ཞུ་བཟང་པོ་སྒྲུབ་ཞོར། ང་ཚོས་ད་དུང་ཞོར་ལས་པས་སེམས་ཁུར་བྱེད་པའི་གནད་དོན་གྱི་ཁྱབ་བསྒྲགས་ལག་དེབ་བཟོས་ནས། ཁོ་ཚོར་ཁྲིམ་ལུགས་དང་འཚོ་བ། བྱ་བ་སོགས་སྐོར་གྱི་ཞབས་ཞུ་བསྒྲུབས་པ་ཡིན་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། ཞབས་ཞུ་གནད་དུ་ཁེལ་བར་འགན་སྲུང་བྱ་ཆེད། ཞབས་ཞུ་ས་ཚིགས་ཀྱི་ལས་བཟོ་བས་རེས་སྐོར་ནས། ཞོར་ལས་པ་དུས་ངེས་མེད་དུ་འདྲི་རྟོག་བྱེད་དུ་ཡོང་བར་རོགས་རམ་བྱེད་པར་ཁག་ཐེག་བྱས་པ་རེད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
དར་རྩེ་མདོ་གྲོང་ཁྱེར་གྱིས་ཞོར་ལས་པར་བརྩེ་སེམས་བཅངས་ནས་རང་ཁྱིམ་དུ་ལོག་པར་དྲོད་ཁོལ་སྦྱིན།