འཛམ་ཐང་རྫོང་གིས་གཅིག་བསྡུས་དྲོད་འདོན་བཟོ་སྐྲུན་གྱིས་དགུན་ཟླ་དྲོད་ཀྱིས་སྐྱེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྔ་བ་ཁུལ་ཧོས་ཁུ་ནུས་ཁུངས་གསར་བའི་ཚད་ཡོད་ཀུང་སིའི་ལག་རྩལ་མི་སྣ་འཛམ་ཐང་རྫོང་ལིན་ཧའེ་ཞུག་མཁར་དུ་སོང་ནས། ཆུ་ཁོལ་གྱི་གནོན་ཤུགས་ལྟ་ཞིབ་ཚད་ལེན་དང་། དྲོད་གྲངས་སོགས་ཀྱི་གཞི་གྲངས། དེ་མིན་དྲོད་འདོན་སྒྲིག་ཆས་འཁོར་རྒྱུག་གནས་ཚུལ་ལ་བལྟས་ཤིང་། འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་དྲོད་རླངས་ཀྱིས་དགུན་གྱི་དུས་ཚིགས་སུ་དྲོད་སྣང་གིས་ཁེངས་པར་བྱས། ཤེས་གསལ་བྱུང་བ་ལྟར་ན། དྲོད་འདོན་མ་ལག་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱ་ཆེད། ལས་སྒྲུབ་མི་སྣས་ཉིན་རེར་དྲོད་འདོན་སྒྲིག་ཆས་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས།

དགུན་གྱི་དུས་སུ། སི་ཁྲོན་དང་ནུབ་བྱང་མཐོ་སྒང་དུ་གནས་པའི་འཛམ་ཐང་རྫོང་གི་ཆ་སྙོམས་དྲོད་གྲངས་གོར་ཐིག་མན་གྱི་ཏུའུ་བཅུ་ལ་གནས་ཤིང་། དགུན་དུས་ཀྱི་དྲོད་རླངས་མཁོ་འདོན་དེ་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནས་སུ་གྱུར་ཡོད། དེ་བས། 2018ལོར་རྫོང་འདིས་གཅིག་བསྡུས་དྲོད་རླངས་མཁོ་འདོན་བཟོ་སྐྲུན་ཁྱོན་ཡོངས་ནས་འགོ་བརྩམས། ལོ་ངོ་གཉིས་ཀྱི་རིང་ལ།འཛམ་ཐང་རྫོང་བཅའ་སྡོད་སློབ་ཆུང་དང་། རྫོང་མི་དམངས་སྨན་ཁང་། བོད་སྨན་ཁང་སོགས་གཙོ་གནད་ལས་ཁུངས་དང་སྡོད་དམངས་ཁ་ཤས་ན་ནིང་གི་ཟླ11པར་གཅིག་བསྡུས་དྲོད་རླངས་བེད་སྤྱོད་བྱས་ཤིང་། དུད་ཁྱིམ་རེ་རེར་འཐེན་ནས་འཛམ་ཐང་མི་དམངས་ཀྱི་སྐྱིད་སྣང་ཇེ་མཐོར་བཏང་། 

གཅིག་བསྡུས་དྲོད་རླངས་མཁོ་འདོན་མ་བྱས་པའི་སྔོན་དུ། འཛམ་ཐང་རྫོང་གི་ལས་བྱེད་མང་ཚོགས་ཀྱིས་གཙོ་བོ་གློག་ཤུགས་མཁོ་འདོན་ལ་བརྟེན་བཞིན་ཡོད་ཅིང་། ས་བབ་མཐོ་ཚད་སྨི3000ལྷག་གི་འཛམ་ཐང་རྫོང་ལ་མཚོན་ན། དགུན་དུས་གློག་ཤུགས་ཐོན་ཁུངས་ལ་བརྟེན་ན་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་དགོས་མཁོ་བསྐོང་ཐུབ་ཀྱིན་མེད། ད་ལྟ་འཛམ་ཐང་རྫོང་གི་ལས་ཁུངས་སོ་སོ་དང་སྡོད་དམངས་ཁྱིམ་དུ་སོང་ན་དྲོད་ཀྱིས་ཁེངས་ཡོད་པ་རེད། 

རྒྱུས་ལོན་པ་ལྟར་ན། 2020ལོའི་ཟླ11པའི་ཚེས1ཉིན། འཛམ་ཐང་རྫོང་གིས་དྲོད་རླངས་མཁོ་འདོན་ཧ་ལམ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི15ལ་སླེབས་པ་དང་། རྗེས་མར་ད་དུང་མུ་མཐུད་དུ་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་ཆེ་རུ་བཏང་ནས་འཛམ་ཐང་གི་དགུན་ཁར་དྲོད་ཀྱིས་ཁེངས་པར་བྱ་རྒྱུ་རེད།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།