​རྔ་བ་རྫོང་གིས་ཁག་དང་པོའི་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་རྒྱག་པའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྔ་བ་རྫོང་གིས་ཁག་དང་པོའི་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་རྒྱག་པའི་ལས་དོན་རྫོང་མི་དམངས་སྨན་ཁང་གི་མྱུར་སྐྱོབ་ཚན་ཁག་ཏུ་འགོ་བརྩམས།

ཐེངས་འདིའི་ཁག་དང་པོའི་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་རྒྱག་ཡུལ་ནི་རྔ་བ་རྫོང་འཁྱག་སྦྲེལ་ལས་དོན་མི་སྣ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་མི་སྣ། སྨན་བཅོས་འཕྲོད་བསྟེན་སྔོན་འགོག་ཚོད་འཛིན་མི་སྣ། སྤྱི་བདེ་མི་སྣ། མཛོད་གཉེར་མི་སྣ། སྦྲག་སྲིད་མི་སྣ། མྱུར་སྐྱེལ་མི་སྣ་སོགས་ཀྱི་ཁྱོན་བསྡོམས་མི་ཐེངས150ཡོད།

འགོག་སྨན་རྒྱག་པའི་བརྒྱུད་རིམ་ཁྲོད་རྔ་བ་རྫོང་གིས“ཞིབ་བཤེར་གསུམ་དང་ཞིབ་བསྡུར་བདུན། ར་སྤྲོད་གཅིག”གཟབ་ནན་གྱིས་དོན་འཁྱོལ་དང་། “མི་གཅིག་འགོག་སྨན་གཅིག་ཤལ་རྟགས་གཅིག”གི་རྩ་དོན་ཁག་ཐེག་བྱས་ཤིང་། འགོག་སྨན་རྒྱབ་རྗེས་སྐར་མ30ལ་ལྟ་རྟོག་དང་། གསོ་སྦྱོང་ཚད་ལྡན་གྱི་སྨན་བཅོས་མི་སྣར་འབྱུང་སྲིད་པའི་མི་ལེགས་པའི་གནས་ཚུལ་མགྱོགས་མྱུར་ངང་ངོས་འཛིན་དང་ཐག་གཅོད་བྱས།

མིག་སྔའི་བར། རྫོང་འདིས་མི་ཐེངས135ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱབ་པ་དང་། འགོག་སྨན་རྒྱག་ཡུལ་གྱི་མི་ཚོགས་ལ་འགོག་སྨན་མ་འཕྲོད་པ་དང་། ཚ་བ་རྒྱས་བ། ཐོར་ལོག  མིད་པ་སྐྲངས་བ་སོགས་ཀྱི་མི་བདེ་བའི་ནད་རྟགས་ཅི་ཡང་མ་བྱུང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།