ལི་ཐང་རྫོང་གིས་མ་རྩ་སྒོར་ཁྲི586གི་མེ་འགོག་སྒྲིག་ཆས་བྱིན་ནས་གཞི་རིམ་གྱི་མེ་འགོག་ནུས་པ་ཇེ་མཐོར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས17ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལི་ཐང་རྫོང་གིས་ནགས་ཚལ་རྟེན་གཞི་གཙོ་བོའི་ཤང་དང་གྲོང་རྡལ་སོགས་ལ་མ་རྩ་སྒོར586གི་མེ་འགོག་སྒྲིག་ཆས་བྱིན་ནས། གཞི་རིམ་གྱི་མེ་འགོག་ནུས་པ་ཇེ་མཐོར་བཏང་།

ལི་ཐང་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ནགས་ཚལ་རྩྭ་ཐང་མེ་འགོག་ཉེན་ཁ་ཆེ་བའི་རྫོང་དང་གྲོང་ཁྱེར35ཡི་ནང་གི་གཅིག་ཡིན་པ་དང་། རྫོང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི1.42ཡོད་པས། སི་ཁྲོན་ཞིང་ཆེན་གྱི་རྒྱ་ཁྱོན་ཆེ་བའི་རྫོང་གཉིས་པ་ཡིན། ས་རྒྱ་ཆེ་ལ་མི་གྲངས་ཉུང་ནའང་ནགས་ཚལ་དང་རྩྭ་ཐང་གི་ནུས་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། དེའི་ཁྲོད་ནགས་ཚལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིངས776530.02ཡོད་པ་དང་། རྩྭ་ཐང་གི་རྒྱ་ཁྱོན་ལ་སྤྱི་ཆིངས897100.67དང་། ནགས་ཚལ་ཁྱབ་ཚུལ་གྱི་རྒྱ་ཁྱོན་གྱིས54.3%ཟིན་ཡོད། ནགས་ཚལ་རྩྭ་ཐང་མེ་འགོག་རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་ཆེད། གཞི་རིམ་མེ་འགོག་དཔུང་ཁག་བབ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་བཏང་ནས། ནགས་ཚལ་མེ་འགོག་ལ་ནུས་པ་ལྡན་པའི་ཕན་འབྲས་ཐོབ། ལི་ཐང་རྫོང་གིས་མ་དངུལ་སྒོར་ཁྲི586བཏང་ནས་ནགས་ཚལ་རྩྭ་ཐང་མེ་འགོག་སྒྲིག་ཆས་ཉོ་སྒྲུབ་བྱས་པ་མ་ཟད། ཚེས17ཉིན་ལི་ཐང་རྫོང་གིས་ཕྱོགས་བསྡུས་བབ་བསྟུན་སྐྱོབ་རོགས་དཔུང་ཆེན་གྱིས་ལི་ཐང་ནགས་ཚལ་རྩྭ་ཐང་མེ་དགྲ་སྔོན་འགོག་སྒྲིག་ཆས་སྟེར་བའི་མཛད་སྒོ་སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།