ལག་རྩལ་གསོ་སྦྱོང་ཡུལ་དངོས།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས10ཉིན། ལི་ཐང་རྫོང་གིས་ན་ནིང་ལོ16ནས18བར་གྱི“སློབ་བྱོལ་ཚོད་འཛིན་”གྱི་ཡུལ་སྐོར་ཞབས་ཞུའི་ལག་རྩལ་གསོ་སྦྱོང་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། དགེ་ནེ་གྲོང་རྡལ་ནས་ཡོང་བའི་ཚེ་རྡོ་སྐྱིད་ཀྱིས་ཟས་རིགས་གཡོས་སྦྱོར་ལག་རྩལ་མངོན་པ་མ་ཟད། ད་དུང་ས་གནས་དེ་གའི་ཁེ་ལས་དབྱར་རྩྭ་དགུན་འབུ་མགྲོན་ཁང་དུ་ལས་ཞུགས་བྱེད་འདོད་ཡོད་པའི་རེ་བ་འགྲུབ་པ་རེད།
ན་ནིང་ཟླ9པ་ནས་བཟུང་ལི་ཐང་རྫོང་གི་ཤང་དང་གྲོང་རྡལ10ནས་ཡོང་བའི་ན་གཞོན་རོང་འབྲོག་པ122ལ་ལི་ཧྲན་དེང་རབས་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭའི་དགེ་རྒན10ཡིས་སློབ་ཁྲིད་བྱས་ནས་ཟླ4ལྷག་རིང་ཟས་རིགས་གཡོས་སྦྱོར་དང་གསོལ་ཁང་སྣེ་ལེན་པ། མགྲོན་ཁང་གི་མལ་ཆས་འདིང་བ་སོགས་ཡུལ་སྐོར་ཞབས་ཞུའི་ལག་རྩལ་སྐོར་ལ་གསོ་སྦྱོང་བྱས། “ལྷག་པར་དུ་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ང་ཚོར་ད་ཐེངས་ཀྱི་ལག་རྩལ་གསོ་སྦྱོང་ལ་ཞུགས་ནས་ང་ཚོས་ལག་རྩལ་སྣ་གཅིག་བསླབ་ཐུབ་པ་བྱུང་བས། ང་ཚོས་ཡོང་འབབ་ངེས་ཅན་ཞིག་བཙལ་ཆོག་པ་རེད།” ཅེས་གསོ་སྦྱོང་སློབ་མ་སྒྲོལ་མ་ཆོས་སྐྱིད་ཀྱིས་སློབ་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་བ་དང་། ཁོ་མོས་པའོ་ཏིན་ཆང་ཁང་དུ་ལས་ཞུགས་བྱེད་པ་བྱུང་ཡོད། །
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལག་རྩལ་གསོ་སྦྱོང་སློབ་མཇུག་སྒྲིལ་བའི་སློབ་མ122ཁེ་ལས122སུ་འོས་སྦྱོར་བྱས་ཏེ། ཁེ་ལས་ལས་ཁུངས་དང་ངལ་རྩོལ་གན་རྒྱ་བཞག་པའི་མི102ཡོད་པ་དང་། ལས་ཞུགས་འོས་སྦྱོར་དང་གདན་ཞུའི་ཡུལ་དངོས་སུ་ལས་ཀ་འཚོལ་བའི་མི12ཀྱིས་ལས་ཞུགས་བྱས་ཡོད། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ལག་རྩལ་སྣ་གཅིག་འཇོན་པས་ཀྱང་ལས་ཀར་ཞུགས་པར་སེམས་ཁྲལ་མེད།