རྔ་བ་ཁུལ་གྱི2020ལོའི་ཟླ12པའི་CPIདུས་མཉམ་དང་བསྡུར་ན3.4%ཡར་འཕར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་རྔ་བ་བརྟག་དཔྱད་རུ་ཁག་གིས་རང་ཁུལ་གྱི2020ལོའི་ཟླ12པའིིCPIགཞི་གྲངས་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2020ལོའི་ཟླ12པར་རྔ་བ་ཁུལ་གྱི་སྡོད་དམངས་འཛད་སྤྱོད་རིན་གོང(CPI)དུས་མཉམ་དང་བསྡུར་ན3.4%ཡར་འཕར་ཞིང་། ཟླ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གྲངས1.0ཡར་འཕར་བ་རེད། དེའི་ནང་བཟའ་བཅའ་མ་ཡིན་པའི་རིན་གོང་དུས་མཉམ་ལས་བསྡུར་ན0.7%དང་། ཞབས་ཞུ་ལས་གཞིའི་རིན་གོང་དུས་མཉམ་དང་བསྡུར་ན2.2% ཡར་འཕར་ཞིང་། བཟོ་ལས་ཐོན་རྫས་ཀྱི་རིན་གོང་དུས་མཉམ་ལས0.8%མར་ཆག་ཡོད། འཛད་སྤྱོད་ཐོན་རྫས་རིན་གོང་དུས་མཉམ་ལས3.9%དང་། ཚོང་རྫས་སིལ་འཚོང་རིན་གོང2.3%ཡར་འཕར་བ་རེད།

སྡོད་དམངས་འཛད་སྤྱོད་རིན་གོང་བརྟག་དཔྱད་ཀྱི་ཚོང་རྫས་དང་ཞབས་ཞུ་ལས་གཞི་རིགས་བརྒྱད་ལས་ཤེས་རྟོགས་ལྟར་ན། ཟླ12པར་སྔོན་ལོའི་དུས་མཉམ་དང་བསྡུར་ན་ཡོད་ཚད་ཡར་འཕར་བའི་རྣམ་པ་མངོན་ཞིང་། དེའི་ནང་བཟའ་བཅའ་དང་། ཆང་དང་དུ་བའི་རིན་གོང7.8%དང་། གྱོས་ཆས་རིགས0.9% ། སྡོད་ཁང་རིགས0.6% ། འཚོ་བའི་མཁོ་ཆས0.4% ། འགྲིམ་འགྲུལ་དང་ཆ་འཕྲིན་རིགས0.1% ། སློབ་གསོ་རིག་གནས་དང་རོལ་རྩེད་རིགས1.3% ། སྨན་བཅོས་ཁམས་གསོའི་རིགས0.3% ། གཞན་མཁོ་ཆས་དང་ཞབས་ཞུ་རིགས་ཀྱི་རིན་གོང1.4%བཅས་ཡར་འཕར་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།