འདབ་པ་རྫོང་གིས་​བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ལས་ཞུགས་ལ་སྐུལ་འདེད་བཏང་ནས་དམངས་ཀྱི་འཚོ་བར་འགན་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོ་ནས་བཟུང་འདབ་པ་རྫོང་གིས་རིམ་པ་མང་པོར་མཉམ་འབྲེལ་དང་ལས་སྟེགས་མང་པོ་མཉམ་འདྲེས། སྤུས་ལེགས་ཞབས་ཞུ། བྱ་ཐབས་མང་པོ་མཉམ་སྤྱོད་ཀྱིས་ལས་ཞུགས་ལ་སྐུལ་འདེད་བཏང་ནས་དམངས་ཀྱི་འཚོ་བར་འགན་ལེན་བྱས།

འདབ་པ+ལུའུ་ཀྲོའུ་ཕྱོགས་གཉིས་ཀྱིས་གཅིག་གྱུར་འཆར་འགོད་དང་མཉམ་འབྲེལ་གྱིས་ས་ཁུལ་གཉིས་ཀྱི་སྡེ་ཁག6དང་། ལས་རིགས་དང་ཁེ་ལས་ནུས་པར་ཤུགས་བརྒྱབ་ནས་ལས་ཞུགས་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་། ལུའུ་ཀྲོའུ་ཡིས་ལས་ཞུགས་ཆེད་དོན་གདན་ཞུའི་ཚོགས་འདུ་བསྡུས་ནས་ཁེ་ལས58ཀྱིས་ལས་གནས200ལྷག་ཙམ་མཁོ་འདོན་བྱས་པས། མིག་སྔར་ལས་ཞུགས་བྱེད་འདོད་ཡོད་པའི་མི170ལྷག་ཙམ་ལས་ཞུགས་ཐུབ་པ་བྱུང་།

“སྦྲེལ་དྲ+”བེད་སྤྱད་ནས་ལས་ཞུགས་ལ་རོགས་རམ་བྱས་ཏེ་མཐོ་རིམ་སློབ་གྲྭ་དང་ཁེ་ལས་ལས་ཞུགས་དྲ་བའི་སྟེགས་བུར་བརྟེན་ནས་ལས་བཟོ་བར་བརྟག་དཔྱད་ཞིབ་འཇུག་དང་ལས་ཞུགས་མཛུབ་སྟོན་སོགས་ཀྱི་ཞབས་ཞུ་བསྒྲུབས་ཏེ། ལས་ཞུགས་དང་ལས་སྒོ་གསར་འབྱེད་ཀྱི་ཐོན་ཁུངས་སྤུས་ལེགས་ཅན་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ400དང་ཞིང་པ་ལས་བཟོ་བ་མི1800ལྷག་ཙམ་ལ་རྒྱ་སྐྱེད་གཏོང་རྒྱུ་རེད།

ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱིས་“སྒོ་ཁར་བསྐྱོད་མི་དགོས་པ་དང་མ་དངུལ་འཇོག་མི་དགོས་པའི”བྱེད་ཐབས་སྤྱད་ནས། ལས་ཞུགས་གཏན་འཇགས་དང་རང་ཉིད་ལས་ཞུགས་བྱས་ཏེ“ཕྱོགས་གཉིས་གོང་འཕེལ”གཏོང་བ་མངོན་གྱུར་བྱུང་ནས་། “རྩ་ཆག ཉུང་འཕྲི། ཕྱིར་སློག ཁ་གསབ”བཅས་ཀྱི་སྡེབ་སྒྲིག་སྲིད་ཇུས་ཁག5ལེགས་པར་སྤྱད་ནས་ཁེ་ལས་ཀྱི་དཀའ་ཁག་ལ་རོགས་སྐྱོར་བྱས། མིག་སྔར་ལས་ཞུགས་མི་གྲངས230ལྷག་ཙམ་འཕར་ཡོད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།