དཀར་མཛེས་གེ་སར་གནམ་ཐང་གིས་ལམ་ཐིག་གསར་བ་བསྣན་པ།

2.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པའི་ཚེས12ཉིན། སི་ཁྲོན་གནམ་ཐང་གི3U8175གནམ་གྲུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གེ་སར་གནམ་ཐང་ནས་སར་བབས་པ་དང་བསྟུན། ཁྲོན་ཆིན་ནས་གེ་སར་གནམ་ཐང་བར་གྱི་མཁའ་ལམ་དེ་ལེགས་འགྲུབ་བྱུང་བ་མཚོན་ཞིང་། དེ་ནི་གེ་སར་གནམ་ཐང་གིས་ཁ་སྣོན་བྱས་པའི་མཁའ་ལམ་གསར་བ་ཞིག་ཡིན། 

ཉིན་དེའི་ཉིན་གུང་གི་དུས་ཚོད12:34ཐོག་གནམ་གྲུ་བདེ་ལེགས་ངང་དཀར་མཛེས་ལ་སླེབས་ཤིང་ཁྲོན་ཆིན་ནས་ཡོང་བའི་འགྲུལ་པ་ཁག་དང་པོ་གེ་སར་གནམ་ཐང་དུ་ཐོན། ཡང་དཀར་མཛེས་ནས་ཚོང་རྒྱག་བཞིན་པའི་སྐུ་ཞབས་ཧྥང་གིས་བཤད་རྒྱུར། སྔོན་ཆད་དཀར་མཛེས་ནས་ཁྲོན་ཆིན་ལ་འགྲོ་ན་ཉིན་གཉིས་ཀྱི་དུས་ཚོད་དགོས་ལ། ད་ལྟ་དུས་ཚོད་གཅིག་དང་ཕྱེད་ཀས་ཆོག་པ་མ་ཟད། གནམ་གྲུ་པ་སེའི་རིན་གོང་ཡང་མི་དཀའ་བས་མི་རྣམས་ལ་སྟབས་བདེ་བཟོས་ཡོད་ཅེས་བསྟན། 

རྒྱུས་ལོན་བྱས་པ་ལྟར་ན། མཁའ་ལམ་དེ་གཟའ་འཁོར་རེ་རེའི་གཟའ་གཉིས་པ་དང་། བཞི་བ། དྲུག་པ་བཅས་ལ་འཕུར་རྒྱུ་ཡིན་པ་དང་། ཁྲོན་ཆིན་ནས་གེ་སར་བར་གྱི་གནམ་གྲུ་སྔ་དྲོའི་དུས་ཚོད11:15ནས་འཕུར་འགོ་བརྩམས་ནས12:45སྟེང་ཁྲོན་ཆིན་ལ་སླེབས་རྒྱུ་ཡིན། གེ་སར་ནས་ཁྲོན་ཆིན་གྱི་གནམ་གྲུ་ཕྱི་དྲོའི་དུས་ཚོད13:45སྟེང་འཕུར་ནས15:15སྟེང་ཁྲོན་ཆིན་ལ་ཐོན་རྒྱུ་རེད། མཁའ་ལམ་དེ་གཏད་པ་ཡིས་དཀར་མཛེས་ཁུལ་གྱི་ཡུལ་སྐོར་ལས་རིགས་ལའང་འཕེལ་རྒྱས་གོ་སྐབས་ལེགས་པོ་སྐྲུན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།