ཤ་མོའི་ཐོན་ལས་ཀྱིས་ཕྱུག་འགྱུར་གྱི་ལམ་བུ་གཏད།

3.jpg

ཐོན་ལས་གླིང་གི་དོ་དམ་མི་སྣས་ལས་ཀ་བྱེད་བཞིན་ཡོད་པ།

4.jpg

ཐོན་ལས་གླིང་གི་ལས་མི་གཉིས་ཀྱིས་ལས་ཀ་བྱེད་བཞིན་ཡོད་པ།

5.jpg

ལས་མི་དག་གིས་ཤ་མོའི་རིགས་ཁུག་མ་ནང་འཇུག་བཞིན་ཡོད་པ།

6.jpg

ཕྱིར་འཚོང་གྲ་སྒྲིག་བྱེད་པའི་ཐོན་རྫས།

3.jpg

སྡེ་མི་ཞིག་གིས་རང་ཁྱིམ་ནས་འགྲུལ་པ་སྣེ་ལེན་བྱེད་བཞིན་ཡོད་པ།

9.jpg

སློབ་གྲྭ་ཆེན་མོ་བ་སྒྲོལ་མ་གངས་དཀར་རི་བོའི་འདབས་སུ་ཡོད་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཀར་མཛེས་ཁུལ་ཉག་ཆུ་རྫོང་དུ་འཛམ་གླིང་སྟེང་ཆེས་མོད་པའི་མོན་ཆ་རའི་ནགས་ཤིང་ཐོན་ཁུངས་ཡོད་པ་དང་། ཐུན་མོང་མ་ཡིན་པའི་ས་གཤིས་དང་། ནམ་ཟླ། རང་བྱུང་ཆ་རྐྱེན་བཅས་ཀྱིས་གནས་དེ་ནི་ཀྲུང་གོའི་བེ་ཤ་ཐོན་སའི་ལྟེ་གནས་སུ་གྱུར། བེ་ཤ་རྩ་ཆེ་ཡང་མི་ཡིས་འདེབས་འཛུགས་བྱེད་མི་ཐུབ་པས། བེ་ཤའི་ཐོན་ལས་ཀྱི་སྦྲེལ་ཐག་ཇེ་རིང་དུ་བཏང་ན་ད་གཟོད་མང་ཚོགས་སྔར་ལས་མང་བོ་ཞིག་དབུལ་ཐར་འབྱུང་བར་སྣེ་ཁྲིད་བྱེད་ཐུབ། གནས་ཚུལ་དེར་གཞིགས་ནས་ལོ4སྔོན་ལ་ས་གནས་ཀྱིས་བཟའ་བྱའི་ཤ་མོའི་རིགས་ཀྱི་ཐོན་ལས་དེ་གཙོ་བོར་བཟུང་སྟེ། དེང་རབས་ཞིང་ལས་སྣེ་ཁྲིད་ཁེ་ལས་ནང་འདྲེན་བྱས་ནས་ཚན་རིག་ལག་རྩལ་མཐོ་བའི་བཟའ་བྱའི་ཤ་མོའི་རིགས་ཀྱི་ཐོན་ལས་གླིང་བཙུགས་ཤིང་། ལོ་འགའི་རྗེས་སུ་ས་གནས་མང་ཚོགས་ཡུན་རིང་དབུལ་ཐར་དང་བརྟན་བརླིང་སྒོས་ཕྱུག་འགྱུར་འབྱུང་བར་སྣེ་ཁྲིད་བྱས། 

ཉག་ཆུ་རྫོང་མཁར་རིང་པོ་ཤང་བེར་ཤ་གྲོང་སྡེ་ནི་སྔོན་ཆད་དབུལ་ཕོངས་སྡེ་བ་ཞིག་ཡིན་ལ། སྡེ་མི་དག་གིས་གཙོ་བོ་སྡེབ་བཀྲམ་འདེབས་འཛུགས་དང་། ཕྱུགས་འཚོ་བ། རི་མགོ་ནས་ཤ་མོ་འཐུ་བ་བཅས་ཀྱི་ལས་ལ་བརྟེན་ནས་ཡོང་སྒོ་འཚོལ་བ་དང་། ཡིན་ཡང་ད་ལྟ་ས་གནས་དེའི་སྡེ་མི་དག་སྣ་མང་སྒོ་ནས་བེ་ཤའི་ཐོན་ལས་གླིང་གི་བདག་གཉེར་ནང་ཞུགས་པ་མ་ཟད། སྡེ་མི་ཁྱིམ་ཚང100ཡིས་སྨི་གྲུ་བཞི་མ100ཡི་དྲོད་ཁང་ལས་ནས་དཀོན་ཞིང་རྩ་ཆེ་བའི་ཤ་མོའི་རིགས་གསོ་སྤེལ་བྱེད་པའི་ལས་ཀ་ནང་ཞུགས་ཡོད།

སྡེ་མི་ལ་ལས་ད་དུང་ཐོན་ལས་གླིང་དུ་ལས་ཀ་གཉེར་བཞིན་ཡོད་པས་ཟླ་རེའི་ཡོང་འབབ་སྒོར3000ཡན་ལ་སླེབས། མཁར་རིང་པོ་ཤང་དུ་སྡེ་མི40ཡུན་རིང་བོར་ཐོན་ལས་གླིང་དུ་ལས་ཀ་གཉེར་བཞིན་པ་དང་། སྡེ་མི100ལྷག་ཙམ་གྱིས་དུས་ཚིགས་རང་བཞིན་གྱིས་ཐོན་ལས་གླིང་དུ་ལས་གཉེར་བྱེད་བཞིན་ཡོད་པ་དེས་བེར་ཤ་གྲོང་སྡེའི་དབུལ་ཕོངས་མང་ཚོགས་སྤུས་ཚད་མཐོ་བའི་ངང་དབུལ་ཐར་བྱུང་དུ་བཅུག་ཡོད།

མ་འོངས་པར་ཐོན་ལས་གླིང་གིས་བེ་ཤ་སྲུང་སྐྱོང་དང་། ཚན་རིག་ཞིབ་འཇུག གཞི་རྒྱུ་མཛོད་འཛུགས་སྐྲུན་སོགས་ཀྱི་ཐད་ལ་སྐུད་འདེད་བྱས་ནས་སྔོ་ལྗང་རི་ཀླུང་སྲུང་པ་དང་ཆབས་ཅིག་ཏུ་ས་གནས་མང་ཚོགས་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།