རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་གནས་བབ་འོག་གི་བདེ་ཆེན་གྱི་གྲོས་ཚོགས་གཉིས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོས་ཚོགས་གཉིས་ཀྱི་རིང་། ཐོག་མཐའ་བར་གསུམ་དུ་བདེ་ཆེན་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་འགན་འཁྲི་དམ་པོར་བཟུང་ནས། སྔར་ལས་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ། བྱེད་ཐབས་ཏན་ཏིག་བཅས་ཀྱི་སྒོ་ནས་གྲོས་ཚོགས་གཉིས་ཀྱི་རིང་རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་གཏན་ཅན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་མཐའ་འཁྱོངས་བྱས་པ་རེད།

གསར་འགོད་པས་གྲོས་ཚོགས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བར། གྲོས་ཚོགས་མ་འཚོགས་སྔོན་ལ་ལས་དོན་མི་སྣས་ཚོགས་རའི་ཡུལ་དངོས་དང་སྒོ་ལུང་སོགས་ལ་ཕྱོགས་ཡོངས་ནས་དུག་སེལ་བྱས་པ་དང་། དུས་མཚུངས་སུ་ཚོགས་ཞུགས་མི་སྣའི་དངོས་མིང་ལམ་ལུགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོགས་ཞུགས་མི་སྣའི་ཟིན་ཐོའི་ཡིག་ཚགས་བཟོས་ནས་ཚོགས་རར་ཞུགས་པའི་མི་སྣར་ཞིབ་བཤེར་ཐུབ་པའི་འགན་ལེན་ཏན་ཏིག་བྱས།

གསར་འགོད་པས་གྲོས་ཚོགས་ཡུལ་དངོས་སུ་ཚོགས་ཞུགས་མི་སྣ་ཚང་མས་རང་རྟོགས་ཀྱིས་ཁ་བཏུམ་བརྒྱབ་ཡོད་པ་མ་ཟད། ལུས་དྲོད་ཚད་འཇལ་ཞིབ་དཔྱད་དང་ལེན་བྱས་ཏེ་དཔྱད་གཞིའི་རྒྱུ་ཆ་སྐབས་ཚང་མས་རང་རྟོགས་ཀྱིས་གྲལ་བསྒྲིགས་ནས་མི་རེའི་བར་“བདེ་འཇགས་ཀྱི་བར་ཐག་”སྨི1རེ་རྒྱུན་འཁྱོངས་བྱས་ཡོད་ལ། ན་ནིང་དང་བསྡུར་ན་ད་ལོའི་ཚོགས་ར་ཡོངས་ལ་རིམས་འགོག་བྱེད་ཐབས་ཀྱི་དྲིལ་བསྒྲགས་ཡིག་བྱང་དང་ མཛའ་བརྩེའི་གསལ་སྟོན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་ཀྱི་གྲོས་ཚོགས་དོ་དམ་“གཟབ་ནན་བཅུ་”དང་། ལུས་དྲོད་ཚད་འཇལ་ཞིབ་དཔྱད་ཚད་ལེན་ས་ཚིགས། དུག་སེལ་ཆང་བཅུད་སོགས་ཚང་མ་འཛོམས་ཡོད་པ་མཐོང་བ་རེད། རིམས་ནད་ཚོད་འཛིན་དང་སྨན་བཅོས་འཕྲོད་བསྟེན། སྤྱི་བདེ་སོགས་ཀྱི་ལས་དོན་མི་སྣས་ཕྱི་རོལ་དུ་ཚོགས་ཞུགས་མི་སྣར་སྲུང་སྐྱོབ་བྱས་ཏེ་ཞིབ་ཚགས་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་དང་དོན་འཁྱོལ་བྱས་ཡོད། གསལ་སྟོན་ལྟར་ན། གྲོས་ཚོགས་ལ་ཞུགས་པའི་མི་སྣས་གྲོས་ཚོགས་གཉིས་ཀྱི་སྐབས་སུ་ལུས་དྲོད་རྒྱུན་ལྡན་མིན་པ་དང་ཡང་ན་དབུགས་འབྱིན་རྔུབ་འགོས་ནད་ཡོད་པའི་ནད་རྟགས་བྱུང་ཚེ། འཕྲལ་མར་ཚོགས་ཆེན་གཉིས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡུལ་དངོས་བཀོད་འདོམས་པུའུ་ལ་སྙན་སེང་ཞུ་བ་དང་སྦྲགས་མཛུབ་སྟོན་ལ་གཞིགས་ནས་སྨན་པར་བསྟེན་པ་དང་ཐག་གཅོད་བྱེད་སྟངས་ཚད་ལྡན་དུ་གཏོང་དགོས་པར་བསྟན་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།