གཟི་ཚྭ་སྡེ་དགུའི་སྐྱེ་ཁམས་མ་ལག་རིམ་བཞིན་ཉམས་གསོ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པ་ཞིན་ཁྲོན་ཅིའུ་ལུའུ་གཞུང་ལམ་བརྒྱུད་དུས་མིག་ལམ་དུ་ནགས་ཚལ་སྟུག་པོའི་མཛེས་ལྗོངས་ཤར་བ་དེས་མི་སེམས་སྤྲོ་བར་གྱུར་བ་དང་ཆབས་ཅིག་ཏུ་གཟི་ཚྭ་སྡེ་དགུའི་སྐྱེ་ཁམས་མ་ལག་ཉམས་གསོ་བྱུང་བའི་གྲུབ་འབྲས་མངོན་གསལ་ཐོན་ཡོད་པ་མཚོན། 

གཟི་ཚྭ་སྡེ་དགུ་གནོད་ཕྱིའི་བསྐྱར་འཛུགས་བྱས་པའི་ཚུན། གཟི་ཚྭ་སྡེ་དགུ་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ“བདེ་འཇགས། ནུས་ཆེ། སྐྱེ་ཁམས། ཚན་རྩལ”བཅས་ཀྱི་བསྐྱར་འཛུགས་འདུ་ཤེས་བཟུང་སྟེ། ཤུགས་ཆེན་པོའི་སྒོ་ནས“ས་ཁོངས་ཧྲིལ་བོ་འཕེལ་རྒྱས་དང་ལྗང་མདོག་འབུར་ཐོན”གྱི་སྤྱི་ཡོངས་ཀྱི་འཐབ་ཇུས་བརྒྱུད་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་སྐྲུན་ཞིང་། ལག་རྩལ་གསར་བ་དང་འདུ་ཤེས་གསར་བ་སྤྱད་དེ་སྐྱེ་ཁམས་ལས་གཞི་ཚན་རིག་དང་མཐུན་ལ། དེ་དང་ཆབས་ཅིག་ཏུ་ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་རྣམ་པ་གསར་བ་མངོན་འགྱུར་བྱས། 

མིག་སྔའི་བར་དུ། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར45བཏང་བའི་སྐྱེ་ཁམས་ཉམས་གསོའི་ལས་གཞི51དང་ས་ཁུལ256གི་ས་གཤིས་གནོད་འཚེ་བཅོས་སྐྱོང་ལས་གཞི་ཕྱོགས་ཡོངས་ནས་ལེགས་འགྲུང་བྱུང་བ་དང་། མ་དངུལ་སྒོར་དུང་ཕྱུར3.1བཏང་ནས་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་ལས་གཞི13འཛུགས་སྐྲུན་ལག་བསྟར་བྱས་ཤིང་དེ་སྔོན་ས་འགུལ་བྱུང་སྟེ་ནགས་ཚལ་དང་ས་གཤིས་ལ་གནོད་འཚེ་ཐེབས་པའི་ས་མུའུ་ཁྲི2.29ཉམས་གསོ་བྱུང་། རྒྱ་ཁྱོན་མུའུ་ཁྲི11.7ལ་རྩྭ་ཏུན15.7བསྐྱར་འདེབས་བྱས། གནོད་འཚེ་ཐེབས་པའི་དོམ་ཁྲ་དང་སྤྲེའུ་སྤུ་སེར་སོགས་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྡོད་གནས་མུའུ་ཁྲི2.58ཉམས་གསོ་བྱུང་ལ། ནགས་ཚལ་སྤང་ཤུན་ཁྱབ་ཚད82.15%སླར་གསོ་བྱུང་།  གཞན་ཡང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་སྲུང་སྐྱོང་ནུས་བ་ཕྱོགས་ཡོངས་ནས་ཤུགས་ཆེ་རུ་ཕྱིན་པ་དང་སྐྱེ་ཁམས་མ་ལག་རིམ་བཞིན་ས་འགུལ་མ་བྱུང་བའི་སྔོན་གྱི་ཆུ་ཚད་ལ་སླེབས་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།