དཀར་མཛེས་ཁུལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་ཕན་བདེའི་ཆུ་ཚད་ཇེ་མཐོར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་རིང་ལ། དཀར་མཛེས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་སློབ་སྐྱོར་རྣམ་གྲངས་དང་། སྨན་བཅོས་རོགས་སྐྱོར་རྣམ་གྲངས། དབུལ་སྐྱོར་རྣམ་གྲངས། བདག་སྐྱོང་རྣམ་གྲངས་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་ཕན་བདེའི་ཆུ་ཚད་ཇེ་མཐོར་བཏང་།

རྒྱུས་ལོན་པ་ལྟར་ན། དཀར་མཛེས་ཁུལ་གྱིས་དྭ་ཕྲུག་གི་སློབ་སྐྱོར་བཟོ་འགོད་ལག་བསྟར་བྱས་ཏེ། དྭ་ཕྲུག་གིས་མཐོ་རིམ་སློབ་གསོ་མྱོང་བར་འགན་སྲུང་བྱས་ལ། མི་རེར་སྒོར་ཁྲི1གི་ཚད་གཞི་ལྟར་སློབ་སྐྱོར་རོགས་དངུལ་སྒོར་ཁྲི234རྩིས་སྤྲོད་བྱས། གཞན་ཕན་སློབ་སྐྱོར་བྱ་འགུལ་སྤེལ་ཏེ། སློབ་སྐྱོར་མ་དངུལ་སྒོར་ཁྲི13.5གྲབས་གསོག་བྱས་པ་དང་། ཁྱིམ་ཚང་ལ་དཀའ་ངལ་ཡོད་པ་དང་སྤྱོད་ཡོན་གཉིས་ལེགས་ཀྱི་སློབ་མ27ལ་རོགས་སྐྱོར་བྱས་ཏེ་སློབ་གྲྭར་ཞུགས་པའི་ཕུགས་མདུན་མངོན་འགྱུར་བྱས།

“སང་ཉིན་འཆར་གཞི”བརྒྱུད་དེ་དམིགས་བསལ་དཀའ་ངལ་ཡོད་པའི་བྱིས་པའི་རྨང་གཞིའི་སྨན་བཅོས་དགོས་མཁོ་འགན་སྲུང་བྱས་ཤིང་། དྭ་ཕྲུག445ལ་སྨན་རིན་སྒོར་ཁྲི26.5རྩིས་ཞུ་བྱས། མ་དངུལ་སྒོར་ཁྲི180བརྩོན་ལེན་བྱས་ཏེ“དགའ་སྤྲོ་མཉམ་སྤྱོད”རྣམ་གྲངས་ལག་བསྟར་བྱས་ཏེ། དམིགས་བསལ་བྱིས་པའི་ཚོགས་སྤྱིའི་སེམས་ཁམས་བདེ་ཐང་དང་ཁེ་དབང་སྲུང་སྐྱོང་སོགས་ཀྱི་གནད་དོན་ལ་འགན་སྲུང་བྱས། མ་དངུལ་སྒོར་དུང་ཕྱུར650བཏང་སྟེ་ལི་ཐང་རྫོང་གི་སྐྱེ་བོ་ལོ་ན་མ་སོན་པའི་སྲུང་སྐྱོང་ལྟེ་གནས་གསར་སྐྲུན་བྱས།

དཀར་མཛེས་ཁུལ་གྱིས་ད་དུང་མཁར་གྲོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་བདག་སྐྱོང་མི་སྣའི་འཚོ་བའི་འགན་སྲུང་ལ་ཤུགས་བསྣན་ཏེ། གཞི་རྩའི་འཚོ་བའི་ཚད་གཞི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་ལྡབ1.3ལས་མི་དམན་པར་སོ་སོར་ཟླ་རེར་སྒོར767རེ་དང་སྒོར507རེལ་སླེབས་ཡོད་པས། མཁར་གྲོང་གི་དཀའ་ངལ་ཡོད་པའི་མང་ཚོགས8885ཡི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་བྱས།

དེ་ལས་གཞན་དཀར་མཛེས་ཁུལ་གྱིས་རྒན་གསོ་ལས་ཁུངས་ཀྱི་ཞབས་ཞུ་སྤུས་ཚད་མཐོར་འདེགས་ཆེད་དོན་བྱ་འགུལ་སྤེལ་ཏེ། བདག་སྐྱོང་རྣམ་པའི་རྒན་གསོ་ཉལ་ཁྲི471བསྒྱུར་བཀོད་བྱས་པ་དང་། མ་དངུལ་སྒོར་ཁྲི482བཏང་སྟེ་རྒན་གསོ་ལས་ཁུངས6གི་མེ་འགོག་སྒྲིག་ཆས་བསྒྱུར་བཀོད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།