ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས30ཉིན། རྒྱལ་ཁབ་རིག་གནས་ཡུལ་སྐོར་པུའུ་གཞུང་ཕྱོགས་དྲ་བས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་གཞི་སྟེ《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དབྱེ་འབྱེད་དང་དཔྱད་བསྡུར་གཏན་འབེབས》དང《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དོ་དམ་བྱེད་ཐབས》ལ་གཞིགས་ཏེ། འབྲེལ་ཡོད་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཁག་གིས་འོས་སྦྱོར་བྱས་པ་བརྒྱུད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གོ་རིམ་ལྟར་དཔྱད་བསྡུར་གཏན་འབེབས་རྩ་འཛུགས་བྱས་ནས2020ལོའི་ཟླ12པའི་ཚེས25ཉིན་ཁྱབ་བསྒྲགས་བྱས་པ་བཞིན་འདབ་པའི་ཉིན་སྟེང་སོགས་ཀྱི་མཛེས་ལྗོངས་ཁུལ21རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པ་རེད།
འདབ་པའི་ཉིན་སྟེང་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་དཀར་མཛེས་ཁུལ་གྱི་ལྷོ་རྒྱུད་དང་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་སུ་གནས་པས། སེམས་ཀྱི་ཉི་ཟླ་ཆེན་པོའི་ལྟེ་གནས་ས་ཁོངས་ཡིན་ལ། མིག་སྔའི་བར་དུ་རང་རྒྱལ་གྱི་ཆེས་ཆ་ཚང་ཞིང་ཆེས་གདོད་མའི་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་མ་ལག་གྲས་ཤིག་ཡིན། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
འདབ་པའི་ཉིན་སྟེང་རྒྱལ་ཁབ་རིམ་པའི5Aམཛེས་ལྗོངས་ཁུལ་དུ་བདམས་པ།