སི་ཁྲོན་ཞིང་ཆེན་གྱི་​བོད་ཀྱི་དམངས་གླུ་འཕེལ་རྒྱས་སྐུལ་སྤེལ་ཚོགས་པའི་སྐབས་དང་པོའི་ཚོགས་འདུ་ཁྲིན་ཏུའུ་ནས་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས24ཉིན། སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གླུ་འཕེལ་རྒྱས་སྐུལ་སྤེལ་ཚོགས་པའི་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཁྲིན་ཏུའུ་ནས་བསྡུས་པ་དང་བསྟུན། སི་ཁྲོན་ཞིང་ཆེན་གྱི་བོད་ཀྱི་དམངས་གླུ་འཕེལ་རྒྱས་སྐུལ་སྤེལ་ཚོགས་པ་དངོས་སུ་བཙུགས་པ་རེད།

ཚོགས་འདུའི་ཁྲོད《སྤྱི་ཚོགས་རྩ་འཛུགས་ཀྱི་མིང་ཐོ་འགོད་པའི་བརྡ་ཡིག》དང《སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སི་ཁྲོན་སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གླུ་འཕེལ་རྒྱས་སྐུལ་སྤེལ་ཚོགས་པ་འཛུགས་པར་འཐད་པ་བྱུང་བའི་འབྲེལ་ཡོད་བཀའ་མཆན》བསྒྲགས་པ་མ་ཟད། བོད་ཀྱི་དམངས་གླུ་འཕེལ་རྒྱས་སྐུལ་སྤེལ་ཚོགས་པའི་ཐོག་མའི་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ། ལས་འཛིན་པ་བཅས་བདམས་ཏེ། དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་མཁན་གྱི་གླུ་བ་བཀྲ་ཤིས་ཉི་མ་ཚོགས་གཙོ་བདམས་ཤིང་། བོད་ཀྱི་གླུ་བ། བོད་ཀྱི་དར་སྲོལ་ཆེ་བའི་གླུ་དབྱངས་ཀྱི་སྲོལ་གཏོད་མཁན་ཡ་ཏུང་མཚན་འཛིན་ཚོགས་གཙོར་བདམས། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དབྱངས་རྩོམ་མཁན་ཆོས་རྒྱལ་མཚོ་ཚོགས་གཙོ་གཞོན་པར་བདམས། 

རྒྱུས་ལོན་བྱས་པ་ལྟར་ན། བོད་ཀྱི་དམངས་གླུ་འཕེལ་རྒྱས་སྐུལ་སྤེལ་ཚོགས་པ་དེ་སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྐྱོང་བྱ་རྒྱུ་དང་། དེ་ནི་སི་ཁྲོན་ཞིང་ཆེན་དམངས་སྲིད་ཐིན་གྱི་ཆོག་མཆན་འོག་སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གླུ་སྲུང་སྐྱོང་དང་འཕེལ་རྒྱས་ཡོང་བའི་ཆེད་དུ་བཙུགས་པའི་སྤྱི་ཚོགས་རྩ་འཛུགས་ཐོག་མ་ཡིན་པ་མ་ཟད། བོད་ཀྱི་དམངས་གླུ་རིག་གནས་སྔོག་འདོན་དང་སྲུང་སྐྱོང་། བོད་ཀྱི་དམངས་གླུ་སྒྱུ་རྩལ་རྒྱུན་འཛིན་དང་ཁྱབ་གདལ་དུ་གཏོང་བ། ཧུར་ཐག་སྒོས་བོད་ཀྱི་དམངས་གླུ་ལ་ཞིབ་འཇུག་དང་གྲོས་བསྡུར་བྱེད་པ། རྒྱལ་ཡོངས་ནས་བོད་ཀྱི་དམངས་གླུ་ཟོང་རྟགས་བསྐྲུན་པ་བཅས་དམིགས་ཡུལ་གཙོ་བོར་བཟུང་ནས་མི་རིགས་རོལ་དབྱངས་ཐོན་ལས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།