རྔ་བ་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས30བ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12འཔའི་ཚེས22ཉིན། རྔ་བ་ཁུལ་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ཁང་གིས་ཚོགས་འདུ་ཐེངས30བ་འབར་ཁམས་སུ་འཚོགས་ཤིང་། ཁུལ་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་གསུང་བཤད་གནང་།

ཚོགས་འདུ་ལས《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་སྲོལ་ཡིག(འཆར་ཟིན)》གི་གསལ་བཤད་དང《རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས2020ལོའི་ཁུལ་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ལེགས་སྒྲིག(འཆར་ཟིན)》སྐོར་གྱི་སྙན་ཞུར》གསན་པ་དང་། 《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་སྲོལ་ཡིག(འཆར་ཟིན)》དང《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་དམངས་འཐུས་རྒྱུན་ཨུ་ཁང་གི2020ལོར་ཁུལ་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ལེགས་སྒྲིག་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གྲོས་གཞི》ལ་ཐག་བཅད་ནས་གྲོས་འཆམ་བྱུང་།ཚོགས་འདུ་ལས་ད་དུང་མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།