མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་ལང་ཚོའི་འཇོན་ནུས་འབུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཀར་མཛེས་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕྱིན་ནས་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱས།

མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པར་ལང་ཚོའི་འཇོན་ནུས་འབུལ།

པར་འདི་ནི་སྒྲོག་འགྲེལ་བྱ་ཡུལ་རེད།

ཉེ་ཆར། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་བོད་ཡིག་སློབ་གྲྭར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པའི་གྲུབ་མི། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་པོ་ཏུའུ་མིང་དབྱི་ཡིས་སྒྲོག་འགྲེལ་གྱི་སྙན་ཞུ་བྱས་པ་རེད།

ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱ་རྒྱུར་རྒྱལ་ཁ་ཐོབ་རེ་ཡོད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུང་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་མགོ་འཛུགས་གྲབས་ཡོད་པའི་གལ་ཆེའི་ལོ་རྒྱུས་ཀྱི་དུས་སྐབས་སུ་འཚོགས་པའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་གྲོས་ཚོགས་ཐེངས་ཤིག་ཡིན་པ་རེད། ཏུའུ་མིང་དབྱི་ཡིས་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཐོན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་པ་དང་། 2035ལོའི་ཕུགས་ཡུན་གྱི་དམིགས་ཡུལ་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཁྲིད་སྟོན་བྱེད་ཕྱོགས། དམིགས་ཡུལ་གཙོ་བོ་དང་ལས་འགན་གལ་ཆེན་འཕྱུག་མེད་ཁོང་དུ་ཆུད་པ། ཏང་གིས་ཁྱོན་ཡོངས་ལ་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་སོ་སོའི་ནུས་པ་སྐུལ་སློང་དང་མཐུན་སྒྲིལ་འབད་འཐབ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་སོགས་ལ་དམིགས་ནས། ཚང་འཛོགས་གྲོས་ཚོགས་ཀྱི་སྙིང་དོན་ཁྱོན་ཡོངས་ནས་སྒྲོག་འགྲེལ་བྱས་པ་དང་ཆབས་ཅིག རང་རྒྱལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱི་མིག་བལྟས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རྣམས་རྒྱས་བཤད་བྱས་པ་རེད། ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035ལོའི་འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་ལ་རྒྱང་ལྟ་བྱས་ཏེ། རང་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དཀར་མཛེས་ཁུལ་གྱི་ས་གཞི་ཡངས་པོར་ཁེབས་ཐུབ་པར་སྐུལ་འདེད་གཏང་དགོས་ཞེས་བཤད་པ་རེད། ཏུའུ་མིང་དབྱི་ཡིས་རྒྱ་ཆེ་བའི་དགེ་སློབ་ཚོར་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སློབ་སྦྱོང་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཤེས་རྟོགས་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གིས་ཁྱོན་ཡོངས་ལ་མགོ་ཁྲིད་བྱེད་པའི་གཞི་རྩའི་བླང་བྱ་རྒྱུན་འཁྱོངས་བྱ་རྒྱུ་ཁོང་དུ་ཆུད་ཐུབ་པ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་སློབ་སྦྱོང་དང་ལས་དོན་ལ་ཁྲིད་སྟོན་བྱ་དགོས་པའི་རེ་བ་བཏོན་པ་རེད།

ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་མགོན་པོ་དོན་གྲུབ་ཀྱིས་སྒྲོག་འགྲེལ་ལ་ཉན་རྗེས་རང་ཉིད་ཀྱིས་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་དེ་སློབ་ཁྲིད་ཀྱི་ཁྲོད་དུ་འཇུག་ཐུབ་པ་དང་། དུས་བསྟུན་མདུན་སྐྱོད་དང་ཆད་མེད་གསར་གཏོད་བྱས་ནས་སློབ་མ་ཚོ་ཕ་ཡུལ་གྱི་འཛུགས་སྐྲུན་ལས་དོན་དུ་ཞུགས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་སྐྲུན་ཐུབ་པར་རང་ཉིད་ཀྱི་ནུས་པ་འདོན་ངེས་ཡིན་ཞེས་བཤད་པ་རེད།

སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་དུ་སློབ་སྦྱོང་ཡག་པོ་བྱས་ནས་རང་ཉིད་ཀྱི་རིག་གནས་བྱང་ཚད་མཐོར་འདེགས་གཏོང་གང་ཐུབ་བྱས་ཏེ་དུས་རབས་གསར་པའི་ན་གཞོན་བཟང་པོར་འགྱུར་ཐུབ་པར་བྱ་ངེས་ཡིན་ཞེས་བཤད་པ་རེད།

སྒྲོག་འགྲེལ་མཇུག་སྒྲིལ་རྗེས་ཞིང་ཆེན་བོད་ཡིག་སློབ་གྲྭའི་མགོ་ཁྲིད་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། མགོ་ཁྲིད་ཚོགས་པས་སློབ་སྦྱོང་བྱ་རྒྱུ་སྣེ་ཁྲིད་པ་དང་། ཏང་ཀྲི་པུའུ་སོ་སོས་མུ་མཐུད་དེ་སློབ་སྦྱོང་གཏིང་ཟབ་བྱེད་པ། “གྲོས་ཚོགས་གསུམ་དང་ཏང་གི་སློབ་ཁྲིད་བྱེད་ཐེངས་གཅིག”སོགས་ཀྱི་བྱེད་ཐབས་སྤྱད་ནས་རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱེད་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁུལ་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་།ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཡོངས་རྫོགས་དང་སློབ་མ་འགའ། ཁུལ་ལས་རིགས་ནུས་རྩལ་སློབ་གྲྭའི་འབྲེལ་ཡོད་འགན་ཁུར་མི་སྣས་སྒྲོག་འགྲེལ་ལ་ཉན་འཇོག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།