བྲག་མགོ་རྫོང་གིས་དམངས་འཚོའི་འགན་སྲུང་དྲ་བ་ཇེ་བརྟན་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་བྲག་མགོ་རྫོང་གིས་དབུལ་ཐར་འགག་སྒྲོལ་དང་དམིགས་བསལ་ཅན་གྱི་ཚོགས་སྤྱི། མང་ཚོགས་ཀྱི་དོ་ཁུར་བྱས་པའི་གནད་དོན་སོགས་ལ་དམིགས་ནས། ནུས་ཤུགས་ཡོད་རྒུས་རྫོང་ཡོངས་ཀྱི་གྲོང་ཡུལ་ལ་ཁེབས་པའི་མ་མཐའི་འཚོ་བརྟེན་འགན་སྲུང་གི་དམངས་འཚོའི་འགན་སྲུང་དྲ་བ་དམ་འཛིན་ནུས་ལྡན་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱེད་མཁན་ཡོད་པ་དང་དུས་ཐོག་ཏུ་རོགས་རམ་ཧུར་ཐག་བྱས་ནས། མུ་མཐུད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་པའི་འདུ་ཤེས་དང་བདེ་སྐྱིད་ཀྱི་འདུ་ཤེས། ཉེན་མེད་བདེ་འཇགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པར་ཁག་ཐེག་བྱས་པ་རེད།

སྡོད་ཁང་ཡོད་པས་མི་སེར་བློ་བདེ་བྱེད།མ་དངུལ་སྒོར་ཁྲི2733.49གཏོང་འཇོག་བྱས་ཏེ་ཡུལ་མིའི་ཁྱིམ་གཞིས་དང་སྒོ་ར་བསྐྲུན་རྒྱུ་གཙོ་བོ་བྱས་པའི་ལྔ་བསྒྱུར་བཀོད་དང་གསུམ་འཛུགས་སྐྲུན་བྱེད་པའི་ཞིང་པའི་སྡོད་ཁང་རིམ་སྤར་བྱ་རྒྱུའི་ཨར་ལས་མཐོར་འདེགས་གཏོང་བ་དང་། མ་དངུལ་སྒོར་ཁྲི9209གཏོང་འཇོག་བྱས་ཏེ་དུད་ཚང411གི་མི་གྲངས1672ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཨར་ལས་ལག་བསྟར་བྱས་ནས་སྡོད་ཁང་བརྒྱ་ཆ100ཉེན་མེད་ཡོང་ཐུབ་པ་རེད།

སློབ་གསོར་རོགས་རམ་ཡོད་པས་མི་སེར་བློ་ལ་བབས། བྱོལ་འགོག་སློབ་སྐྱོང་གི་མགོ་དཔོན་དྲུག་པོའི་འགན་འཁྲི་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། ཡིག་ཚགས་བྱང་བུ་བཟོས་པའི་སློབ་མ་དབུལ་ཕོངས་དང་ཁྱིམ་སྲུང་ཕྲྭ་གུ་ལ་དགེ་རྒན་དང་རོགས་སྐྱོར་བྱེད་མཁན་ལས་བྱེད་པ། སྤྱི་ཚོགས་ཀྱི་གཅེས་སེམས་ལྡན་པའི་མི་སྣ་བཅས་གཞི་གཅིག་ཏུ་གྱུར་པའི་ཆ་སྒྲིག་དང་བརྩེ་སེམས་འཆང་བའི་ནང་རྐྱེན་བཙུགས་ནས། སློབ་གསོའི་དབུལ་སྐྱོར་མ་དངུལ་སྒོར་ཁྲི525.66གཏོང་འཇུག་བྱས་ཏེ་ཁྱིམ་ཚང་དབུལ་ཕོངས་ཀྱི་སློབ་མ་མིའི་ཐེངས་གྲངས4212ལ་སློང་སྦྱོང་བྱེད་འདོད་ཚད་ལ་སློབ་སྦྱོང་བྱེད་བཅུག་པ་རེད།

ན་དུས་སྨན་བཅོས་བྱེད་ས་ཡོད་པས་མི་སེམས་སྐྱིད། ཡུལ་ཤོག་དང་གྲོང་རྡལ་གྱི་ཚད་ལྡན་འཕྲོད་བསྟེན་ཁང16བསྐྲུན་ཐུབ་པ་དང་། གྲོང་སྡེ་རིམ་པའི་འཕྲོད་བསྟེན་ཁང་དང་ཚད་མཐུན་གྱི་གྲོང་སྡེའི་སྨན་པ171སྲིད་འཛིན་གྲོང་སྡེ་ཡོངས་ལ་ཁེབས་པ། འཕྲོད་བསྟེན་དབུལ་སྐྱོར་གྱི་ཐེབས་རྩ་སྒོར་ཁྲི755.92གཏོང་སྤྲོད་བྱས་ནས་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས4519ལ་ཕན་འབྲས་ཐོབ་ཡོད། ཁྱོན་ཡོངས་ནས་མི་དགོས་པ་བཅུ་དང་བཞི་ཁ་གསབ་རོགས་རམ་བྱེད་པ་སོགས་ཀྱི་འཕྲོད་བསྟེན་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས། རྫོང་ཁྲོད་ཀྱི་སྨན་ཁང་དུ་སྡོད་པའི་མི་སྒེར་གྱི་འགྲོ་སོང་བརྒྱ་ཆ5ནང་ཚུད་ཚོད་འཛིན་བྱས། དབུལ་ཕོངས་མི་འབོར་གྱི་སྨན་བཅོས་ཞབས་ཞུའི་གན་རྒྱ་འཇོག་ཚད་དང་གཟུགས་པོར་ནད་བརྟག་བྱས་ཚད་བརྒྱ་ཆ100ལ་སླེབས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།