དར་རྩེ་མདོ་ཡིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་དར་རྩེ་མདོ་གྲོང་ཁྱེར་ཞིང་ཕྱུགས་དང་གྲོང་གསེབ་ཚན་རྩལ་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། གྲོང་ཁྱེར་དེས་ཁྱད་ལྡན་ཟོང་རྟགས་གསར་འཛུགས་བྱས་པ་བརྒྱུད། ལས་སྟེགས་འཛུགས་སྐྲུན་ཇེ་མྱུར་དང་ཚན་རྩལ་འདེགས་སྐྱོར་ཤུགས་ཆེ་རུ་བཏང་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་རེད། 

རྒྱུས་ལོན་བྱས་པ་ལྟརན། མིག་སྔའི་བར་ཏུ་དར་རྩེ་མདོ་གྲོང་ཁྱེར་གྱིས་ཞིང་ལས་ཐོན་རྫས་ཚོང་རྟགས98ཐོ་འགོད་བྱས་པ་དང་། བདེན་དཔང་བྱས་པའི་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས3དང་། བདེན་དཔང་ཐོ་འགོད་བྱས་པའི“རྫས་གསུམ་རྟགས་གཅིག”གི་ཞིང་ལས་ཐོན་རྫས38ཡོད་པ་མ་ཟད། “ཀྲུང་གོའི་མཐོ་སྒང་གི་ཤ་མོའི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་ཡོད། དུས་མཚུངས་སུ་ཕྱོགས་བསྡུས་གློག་རྡུལ་ཚོང་དོན་རིམ་པ་གསུམ་པའི་དྲ་བ་སྤྱད་དེ་ཤང་དང་གྲོང་རྡལ21དང་། གྲོང་གསེབ126ལ་ཁྱབ་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་བཙུགས། གཞན་ཡང“ཚན་རྩལ་དབུལ་སྐྱོར་དྲ་ཐོག་ལས་སྟེགས”བཙུགས་ནས་ཆེད་མཁས་མི་སྣ144དང་ཆ་འཕྲིན་མི་སྣ226ཐོ་འགོད་བྱས་ཏེ་དྲ་ཐོག་ནས་ཞིང་འབྲོག་མང་ཚོགས་ལ་འདེབས་འཛུགས་གསོ་སྤེལ་ཐད་ནས་འཕྲད་པའི་གནད་དོན2941ཐག་གིས་བཅད་པ་རེད། བཟའ་བྱའི་ཤ་མོའི་རིགས་དང་། སྨན་རྫས། ཤིང་ཏོག་རིགས་བཅས་ཀྱི་ཆེད་མཁས་ལག་རྩལ་ཞབས་ཞུ་རུ་ཁག་གསུམ་བཙུགས་ནས། ཆེད་མཁས་ལག་རྩལ་མཛུབ་སྟོན་མི་སྣ5དང་། ཚན་རྩལ་ཆེད་མངགས་མི་སྣ51། ཞིང་ལས་ལག་རྩལ་མི་སྣ58། ཞིང་ལས་ལག་རྩལ་ཞབས་ཞུ་རུ་ཁག་ཆུང་བའི་མི80། ཐོན་ལས་མཛུབ་སྟོན་མི་སྣ117བཅས་རྩ་འཛུགས་བྱས་ཏེ་ཕྱོགས་ཡོངས་ནས་ཐོན་ལས་ལག་རྩལ་མཛུབ་སྟོན་བྱས་ཤིང་ལག་རྩལ་གསོ་སྦྱོང་བྱས་པའི་མི་ཐེངས་ཁྲི2.8སླེབས་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།