དཀར་མཛེས་ཁུལ་གྱིས་མཉམ་འབྲེལ་ཁྲིམས་བསྟར་ཞིབ་བཤེར་བྱས་ཏེ་འཁྱག་སྦྲེལ་བཟའ་བཅའི་བདེ་འཇགས་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན།  བསྟུད་མར་ཉིན་ཤས་རིང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། དཀར་མཛེས་ཁུལ་རོང་འབྲོག་གྲོང་གསེབ་ཅུའུ། དཀར་མཛེས་ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུའུ། དཀར་མཛེས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་བཅས་དང་མཉམ་འབྲེལ་ཐོག་ཁྲིམས་བསྟར་ཚན་ཆུང་བཙུགས་ཏེ། ལྕགས་ཟམ་རྫོང་དང་དུང་དཀར་ལུང་གཞུང་ས་ཆ་གཉིས་ཀྱི་འཁྱག་སྦྲེལ་བཟའ་བཅའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཡུལ་དངོས་སུ་ཞིབ་བཤེར་དང་། འཁྱག་སྦྲེལ་བཟའ་བཅའི་ཐོན་སྐྱེད་དང་། ཚོང་གཉེར། གསོག་ཉར། དབོར་འདྲེན་སོགས་ཀྱི་ལྷུ་ཚིགས་སུ་པྲོག་གསར་ནད་དུག་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་སྔར་བས་དོན་འཁྱོལ་བྱེད་པ། འཁྱག་སྦྲེལ་བཟའ་བཅའི་སྦྲེལ་ཐག་ཡོངས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་འཁྱག་སྦྲེལ་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་བ་རེད།

མཉམ་འབྲེལ་ཁྲིམས་བསྟར་ཚན་ཆུང་གིས་མངོན་བཤེར་ལྐོག་འདྲི་དང་། ཡུལ་དངོས་སུ་ཞིབ་བཤེར། དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་ལྕགས་ཟམ་རྫོང་དང་དུང་དཀར་ལུང་གཞུང་ས་ཆ་གཉིས་ཀྱི་འཁྱག་སྦྲེལ་བཟའ་བཅའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ཚུལ་དང་འཁོར་རྒྱུག་བྱེད་ཚུལ་དང་། འཁྱག་སྦྲེལ་བཟའ་བཅའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཚུལ། “སི་ཁྲོན་འཁྱག་སྦྲེལ”ལས་སྟེགས་བཀོལ་སྤྱོད་བྱེད་ཚུལ། འཁྱག་སྦྲེལ་བཟའ་བཅའི་ཚོང་གཉེར་གྲང་མཛོད་དང་། ཞིང་ལས་ཐོན་རྫས་ཁྲོམ་ར། སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཞབས་ཞུའི་སྡེ་ཚན། སྡེབ་ཚོང་སྡེ་ཚན། སྐྱེལ་འདྲེན་སྡེ་ཚན། གསོ་ཕག་གི་དམིགས་བཙུགས་བཤས་ར་བཅས་ལ་ཞིབ་བཤེར་བྱས་པ་དང་ཆབས་ཅིག་ཏུ་ཞིབ་བཤེར་གནས་ཚུལ་ས་གནས་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་ཆུང་ལ་བརྡ་ལན་སྤྲད། མཉམ་འབྲེལ་ཁྲིམས་བསྟར་ཚན་ཆུང་གིས་འབྲེལ་ཡོད་སྡེ་ཚན་ཁག་ལ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་ཏན་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན། འཁྱག་སྦྲེལ་བཟའ་བཅའ་ཐོན་སྐྱེད་ཚོང་གཉེར་སྡེ་ཚན་གྱིས་ལས་སྒྲུབ་མི་སྣའི་འགོག་སྲུང་དང་ས་གནས་ཀྱི་དུག་སེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་བཅས་བྱས་ནས་འཁྱག་སྦྲེལ་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིིའི་མཉམ་འབྲེལ་ཁྲིམས་བསྟར་ནང་འཁྱག་སྦྲེལ་བཟའ་བཅའི་ཚོང་གཉེར་བཟའ་བཏུང་ཞབས་ཞུ་སྡེ་ཚན2དང་། སྒོ་རྩིས་ཚོང་ཁང3། སིལ་ཚོང་སྡེ་ཚན2།  སྡེབ་ཚོང་སྡེ་ཚན1། ཐོ་འགོད་སྙན་སེང་ཟ་ཁང་ཆུང་ངུ1། ཞིང་ལས་ཐོན་རྫས་ཁྲོམ་ར2། བཤས་ར1། སྐྱེལ་འདྲེན་སྡེ་ཚན1བཅས་ལ་ཞིབ་བཤེར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།