ཁྲོ་ཆུ་རྫོང་གིས་ཐུན་མོང་སྒོས་སློབ་གསོ་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཁྲོ་ཆུ་རྫོང་གིས་ཐུན་མོང་སྒོས“རྒྱལ་ཁབ་གསབ་སྦྱོང་འཆར་གཞིའི”(2019)དབུལ་ཕོངས་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་བྱང་ཚད་དང་ནུས་པ་གཏིང་ཟབ་ཀྱིས་མཐོ་རུ་གཏོང་བའི་ཁྲོ་ཆུ་རྫོང་གི་ལོ་འཁོར་གཉིས་པའི་སློབ་གསོ་གྲོང་གསེབ་ཏུ་སྐྱེལ་བའི་(སློབ་ཆུང་གི་རྒྱའི་སྐད་ཡིག   སློབ་ཆུང་གི་གྲངས་རིག སློབ་འབྲིང་གི་རྒྱའི་སྐད་ཡིག སློབ་འབྲིང་གི་གྲངས་རིག སློབ་སྔོན་སློབ་གསོ)ཐེངས་དང་པོའི་སློབ་ཁྲིད་ཞིབ་འཇུག་གི་བྱ་འགུལ་སྤེལ་བ་དང་། རྫོང་ཡོངས་ཀྱི་དགེ་རྒན280གསབ་སྦྱོང་ནང་ཞུགས།  

བྱེད་སྒོར་སློབ་གསོ་གྲོང་གསེབ་ཏུ་སྐྱེལ་བ་དང་སློབ་གྲྭའི་དངོས་གཞིའི་ཚན་ཁག་དང་ཞིབ་འཇུག་ཁྲིད་སྟོན་གཙོ་བོར་བྱེད་པའི་རྩ་དོན་དང་འགན་འཁྲི་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། བྱེ་བྲག་ཏུ་བརྟག་དཔྱད་དཔེ་སྟོན། སློབ་ཁྲིད་ལ་ཞིབ་འཇུག་དང་སྦྱོང་བརྡར། གྲུབ་འབྲས་འགྲེམས་སྟོན། ཕྱོགས་བསྡོམས་མཐོར་འདེགས་སོགས་ཀྱི་དུས་མཚམས་བཅས་ཡོད་པ་རེད། སློབ་ཁྲིད་ལ་ལྟ་ཞིབ་དང་། བཅར་འདྲི། ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། དགེ་རྒན་གྱིས་སློབ་ཁང་དུ་སློབ་ཁྲིད་བྱེད་པར་ལྷག་པའི་མངོན་གསལ་དོད་པའི་གནད་དོན་འཚོལ་བ་དང་། གནད་དོན་ལ་དམིགས་ནས་བརྗོད་དོན་གཙོ་བོའི་སློབ་ཁྲིད་དང་འཚམ་པའི་སློབ་ཚན་འདེམས་པ། ཁྲིད་བཤད་དང་། སློབ་ཁྲིད། སློབ་ཁྲིད་དཔྱད་བསྡུར། བརྙན་ཐུང་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་ནས་དཔེ་སྟོན་སློབ་ཁྲིད་མཁོ་འདོན་དང་། སློབ་ཁྲིད་ཞིབ་འཇུག་གི་གྲོས་གཞི་བཏོན།

དཔེ་སྟོན་སློབ་ཁྲིད་དང་སློབ་ཚན་གཅིག་ཀྱང་སློབ་ཁྲིད་གྲ་སྒྲིག་མི་འདྲ་བའི་བྱེད་ཐབས་སོགས་བརྒྱུད་དེ་ཡུལ་དངོས་སུ་མཛུབ་ཁྲིད་བྱས་ཏེ་ཚད་ལྡན་སློབ་ཁྲིད་དང་། སྤུས་ལེགས་སློབ་ཁྲིད། ཕུལ་བྱུང་སློབ་ཁྲིད་བཅས་ཀྱི་རྣམ་པ་ཆགས་པར་བྱས་པ་དང་། དུས་མཚུངས་སུ་སློབ་གྲྭ་དང་གྲོང་གསེབ་ཀྱི་དགེ་རྒན་དག་གི་གོ་རིམ་ལྡན་པའི་གསབ་སྦྱོང་ལ་ཆ་ཚང་བའི་ཕྱོགས་བསྡོམས་དང་། གྲུབ་འབྲས་གདམ་གསེས། ཉམས་མྱོང་ཕྱོགས་སྡོམ། གནད་དོན་བསམ་གཞིག ཁ་ཕྱོགས་གསལ་སྟོན། འཆར་གཞི་བཟོ་བ་བཅས་བྱེད་པར་མཛུབ་ཁྲིད་བྱས།

ཐེངས་འདིའི་བྱེད་སྒོའི་ཁྲོད་རྒྱ་ཆེའི་གྲོང་གསེབ་ཀྱི་དགེ་རྒན་ལ་སློབ་གསོ་སློབ་ཁྲིད་ཀྱི་ཆ་འཕྲིན་གསར་ཤོས་དང་སྔོན་ཐོན་གྱི་སློབ་ཁྲིད་འདུ་ཤེས་མཁོ་འདོན་དང་། དགེ་རྒན་གྱི་ལས་སྒོའི་ནུས་པ་ཆེ་རུ་གཏོང་བར་རོགས་སྐྱོར་གྱི་ནུས་པ་ཧ་ཅང་བཟང་པོ་ཐོན་ཆེད།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་དབར་གྱི་སློབ་གསོ་སློབ་ཁྲིད་སྤེལ་རེས་ལ་ཤུགས་སྣོན་དང་། དགེ་རྒན་དབར་སློབ་ཁྲིད་རོགས་རེས་ཀྱིས་ཐུན་མོང་ཐོག་འཚར་ལོངས་ཡོང་བ་བཅས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།