ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཐེངས་བཅུ་པ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ཨུས་གཙོ་སྐྱོང་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གསུང་བཤད་གནང་། ཚང་འཛོམས་གྲོས་ཚོགས་ཐོག《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035ལོའི་ཕུགས་ཡུན་དམིགས་ཡུལ་སྐོར་གྱི་གྲོས་མགོ》དང《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙན་དོན་ལག་ལེན་དོན་འཁྱོལ་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཀ་ཡག་པོའི་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་།

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཐེངས་བཅུ་པ་འཚོགས།


ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གསུང་བཤད་གནང་བཞིན་པ།

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཐེངས་བཅུ་པ་འཚོགས།


ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དེ་དར་མདོར་འཚོགས།

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།

(2020ལོའི་སྤྱི་ཟླ12པའི་ཚེས17ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་འཆམས་བྱུང་།)

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་དེ2020ལོའི་སྤྱི་ཟླ12པའི་ཚེས16ཉིན་ནས17ཉིན་བར་དར་མདོར་འཚོགས་པ་རེད།

ཚོགས་འདུའི་ནང་ཞུགས་པའི་ཁུལ་ཨུའི་ཨུ་ཡོན52དང་རྗེས་སྣོན་ཁུལ་ཨུའི་ཨུ་ཡོན4ཡོད་པ་རེད། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཁུལ་ལྟ་སྐུལ་ཞིབ་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུའི་ནང་ཟུར་ཞུགས་བྱས་ཡོད་པ་རེད། ཁུལ་སྐབས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ནང་ནས་གཞི་རིམ་གྱི་བློ་མཐུན་ཁ་ཤས་ཚོགས་འདུའི་ནང་ཟུར་ཞུགས་བྱས་ཡོད་པ་རེད།

ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ཨུས་གཙོ་སྐྱོང་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གསུང་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ཨུའི་ཚབ་མཛད་ནས་གནང་བའི་ལས་ཀའི་སྙན་སེང་ལ་ཉན་འཇོག་དང་གྲོས་བསྡུར་བྱས་པ་དང་། 《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035ལོའི་ཕུགས་ཡུན་དམིགས་ཡུལ་སྐོར་གྱི་གྲོས་མགོ》དང《ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙན་དོན་ལག་ལེན་དོན་འཁྱོལ་བྱས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཀ་ཡག་པོའི་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ་རེད། ལིའུ་ཁྲེང་མིང་གིས《གྲོས་མགོ(གྲོས་བསྡུར་འཆར་ཟིན)》དང《ཆོད་དོན(གྲོས་བསྡུར་འཆར་ཟིན)》ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུའུ་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཐེངས་བརྒྱད་པའི་ཐོག་སྔོན་རྗེས་སུ《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035ལོའི་ཕུགས་ཡུན་དམིགས་ཡུལ་གཏན་འཁེལ་བྱས་པའི་སྐོར་གྱི་གྲོས་མགོ》དང《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སི་ཁྲོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035ལོའི་ཕུགས་ཡུན་དམིགས་ཡུལ་གཏན་འཁེལ་བྱས་པའི་སྐོར་གྱི་གྲོས་མགོ》བཅས་གྲོས་འཆམས་བྱུང་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035ལོའི་ཕུགས་ཡུན་དམིགས་ཡུལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་པར་བརྟེན། རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བྱས་པར་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་པ་རེད། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ་ཡིས་བོད་འབྲེལ་ས་ཁུལ་ལས་དོན་གྱི་ཁྲིད་སྟོན་བསམ་བློ་དང་དམིགས་ཡུལ་ལས་འགན།བྱེད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བྱེད་ཐབས་གསལ་པོ་བྱས་ཡོད་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུའི་སྙིང་དོན་ལག་ལེན་དོན་འཁྱོལ་ཟབ་མོ་བྱས་ཏེ་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ལྗོངས་ལས་དོན་སྐོར་གྱི་གལ་ཆེའི་རྣམ་བཤད་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་སློབ་སྦྱོང་དང་ལག་ལེན་བྱས་མཐར། ཏན་ཏིག་གིས“འདུ་ཤེས་བཞི”ཇེ་དྲག་དང“གདེང་ཚོད་བཞི”ཇེ་བརྟན“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱས་ཏེ་འཕེལ་རྒྱས་གཏོང་བའི་ངེས་གནས་འཕྱུག་མེད་འཚོལ་བ་དང་། གནད་དོན་ཞན་ཆ་འཕྱུག་མེད་འཚོལ་བ། འཐབ་ཇུས་ཀྱི་འཆར་འགོད་ཕུན་སུམ་ཚོགས་པ། ཁ་གཏད་འཇལ་ཐབས་འཐུས་སྒོ་ཚང་བ་བཅས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་ཆད་ལུས་མེད་པར་དཀར་མཛེས་ཁུལ་དུ་ལག་ལེན་དོན་འཁྱོལ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚངས་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ཚུན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད། ཚང་མས་མཐའ་གཅིག་ཏུ་ངོས་འཛིན་བྱས་དོན། ལོ་གཅིག་གི་རིང་ལ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཐའ་གཅིག་ཏུ་ཁྲིད་སྟོན་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ལག་ལེན་ཟབ་མོ་བྱས་ཤིང་།ཞིང་ཆེན་ཡོངས་ཀྱི “གཞི་གཅིག་སྣེ་མང་དང་ས་ཁུལ་ལྔ་མཐུན་སྦྱོར”གྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ཆགས་ཚུལ་གསར་པའི་ནང་མཉན་འབྲེལ་བྱས་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེར་སྟོན་ཁུལ་ཀྱི་ངེས་གནས་ལ་གཞི་ཚུགས་པ་དང་། བརྟན་ཁྲོད་ཡར་རྒྱས་ཀྱི་ལས་དོན་གྱི་ནང་དོན་སྙིང་པོ་རྒྱུན་འཁྱོངས་བྱས་ཏེ“འཐབ་ཇུས་ཆེན་པོ་དྲུག”ལག་ལེན་ཟབ་མོ་བྱས་པ་དང་།“གསུམ་འཛུགས་མཉམ་འགུལ”གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས་ཡུལ་གྲོང་སྐས་རིམ་ལྟ་བུ་དར་སྤེལ་གཏོང་བར་སྐུལ་འདེད་བཏང་བ། རིམས་ནད་འགོག་ཟོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་ནས་ཕྱོགས་སོ་སོའི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཏོག་གསར་གློ་ཚད་རིམས་ནད་བྱུང་ཚུལ་འགོག་བཅོས་བྱས་པར་གལ་ཆེའི་འཐབ་ཇུས་གྲུབ་འབྲས་ཐོབ་པ་རེད། དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་བདེ་བླགས་ངང་གྲུབ་ཡོད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་རེ་འདུན་གྲུབ་རེ་ཡོད་ཅིང་། ལྗང་མདོག་ཁེབས་ཤིང་སྤུས་ཀ་ཡག་པོའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟེན་པོ་སྤོས་ཡོད། ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་དུ་བརྟན་བརླིང་ཡིན་པ་དང་སྐྱེ་ཁམས་ཉེན་མེད་ཀྱི་སྲུང་ཡོལ་དེ་བས་སྲ་བརྟན་བྱུང་ནས་འཕེལ་རྒྱས་གཏོང་བའི་གསོན་ཤུགས་དང་སྒུལ་ཤུགས་ངར་སློང་གང་ལེགས་བྱུང་ཡོད། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་ཟབ་མོ་དང་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་སྲུང་འཛིན།དམངས་འཚོ་རྒྱུན་ཆད་མེད་པར་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་རྒྱས། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་།ལས་བྱེད་པ་དང་མང་ཚོགས་སྙིང་སྟོབས་ཆེ་སྐྱེད་ཡིན་པའི་རྣམ་པ་ཡག་པོ་ཞིག་ཆགས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ཁུལ་ཨུས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིག་སྣེན་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་བྱས་ཤིང་། འཛམ་གླིང་གནས་བབ་སྙོམ་སྒྲིག་ཟབ་མོ་དང་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་འགྲོ་བ། བརྟན་བརླིང་གི་གནས་བབ་རྙོག་འཛིང་ནན་པོ་ཡིན་པ། རང་བྱུང་གནོད་འཚེ་བྱུང་རྒྱུ་མང་བ། ཏོག་གསར་གློ་ཚད་རིམས་ནད་བྱུང་ཚུལ་གྱིས་ཤུགས་རྐྱེན་བཟོས་པ་སོགས་ཀྱི་ཉེན་ཁ་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་ནས་ཞིང་ཆེན་ཡོངས་ཀྱི“གཞི་གཅིག་སྣེ་མང་དང་ས་ཁུལ་ལྔ་མཐུན་སྦྱོར”གྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་གནས་བབ་གསར་པའི་ཁྲོད་དུ་མཛེས་སྡུག་སྐྱེ་ཁམས་འབྱོར་འབྲིང་གི་དཀར་མཛེས་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་པར་བརྟེན། ལས་དོན་སོ་སོ་ཁྱོན་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། དབུལ་ཐར་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ། ཕྱོགས་བསྡུས་དངོས་ཤུགས་སྐས་རིམ་གསར་པའི་ཐོག་སླེབས་པ། རྨང་གཞིའི་སྒྲིག་བཀོད་ལ་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་བ། གྲོང་ཡུལ་ས་ཁོངས་དེ་བས་མཐུན་སྦྱོར་ངང་འཕེལ་རྒྱས་བྱུང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ། དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ། ཁྱོན་ཡོངས་ནས་བཅའ་ཁྲིམས་ལྟར་ཁུལ་སྐྱོང་བར་འཕེལ་རིམ་གལ་ཆེན་བྱུང་བ། སྤྱི་ཚོགས་ཕྱོགས་ཡོངས་འཆམ་མཐུན་བརྟན་བརླིང་གི་རྣམ་པ་སྲུང་འཛིན་བྱས་པ་དང་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བར་སྐུལ་འདེད་ཟབ་མོ་བྱས་པ། ཆབ་སྲིད་ཀྱི་དཔལ་ཡོན་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་དུ་ལེགས་སྒྱུར་བྱུང་ཡོད་པ་རེད། ལོ་ལྔའི་རིང་ལ་འགག་སྒྲོལ་དཀའ་སེལ་དང་མ་སྐུལ་མདུན་སྐྱོད་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱལ་ཁ་ཐོབ་རེ་ཡོད་པར་བརྟེན། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་འདི་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་སླེབས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ཀྱི་ཁོར་ཡུག་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ངོས་འཛིན་བྱས་དོན། རྒྱལ་ཁབ་དང་ཞིང་ཆེན་གྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱས་པ་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ཁྲོན་བོད་ལྕགས་ལམ་སོགས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུ་དང་དཀར་མཛེས་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་ནས་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བའི་དུས་སུ་སླེབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཀ་ཡག་པའི་འཕེལ་རྒྱས་གཏོང་བའི་ཕྱོགས་སུ་སྒྱུར་བའི་དུས་སུ་སླེབས་པ། སྐྱེ་ཁམས་སྲུང་སྐྱོང་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གཏིང་ཟབ་བྱེད་པའི་དུས་སུ་སླེབས་པ། དབུལ་ཐར་འགག་སྒྲོལ་དེ་སྲ་བརྟན་རིམ་སྤོར་གྱི་དུས་སུ་སླེབས་པ་བཅས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ས་ཁོངས་མཉམ་དུ་འཕེལ་་རྒྱས་གཏོང་བའི་ཆ་རྐྱེན་ལྡན་པར་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་ཡར་བརྩོན་དང་འགྱུར་ལྡོག་སྟོབས་ལྡན། “སེམས་མཐུན”སྔར་བས་ལྡན་པས། འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་འཕྲད་པ་རེད། དེ་དང་ཆབས་ཅིག་མདུན་སྐྱོད་ཀྱི་ལམ་བུའི་ཐོག་མངོན་གསལ་དོད་པོའི་གནད་དོན་དང་ཞན་ཆ། ཉེན་ཁའི་འགྲན་སློང་བཅས་མི་ཉུང་བ་ཞིག་འཕྲད་ཡོད་པ་རེད། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་རིམ་ཞིག་གི་རིང་ལ། དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྲིད་དབང་བདེ་འཇགས་དང་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་འཁུར་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། སྤུས་ཀ་ཡག་པའི་འཕེལ་རྒྱས་ལ་མགྱོགས་མྱུར་དུ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལས་འགན་ལྗིད་པོར་འཕྲད་ཡོད་པ་རེད། ངེས་པར་དུ“ཁྱོན་ཡོངས་གཉིས”སེམས་ལ་བཅངས་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་འཕྲད་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་དགོས་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་ཉམས་ཉེན་ཁྲོད་གོ་སྐབས་སྔོན་ལ་འཛིན་པ་དང་། གནས་ཚུལ་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་གཏོད་པར་འབད་བརྩོན་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྲིད་སྟོན་བསམ་བློ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་ཚོགས་འདུའི་སྙིང་དོན་དོན་འཁྱོལ་གཏིང་ཟབ་བྱས་ནས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གིས་སྤྱི་འདོམས་བྱེད་པར་སྐུལ་འདེད་བཏང་བ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་མཐར་ཕྱིན་དང་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ཏེ། མ་སྐུལ་དང་བླངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པ་བྱས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས་པ་དང་། ལྗང་མདོག་སྤུས་ཀ་ཡག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ཡིས་བརྗོད་བྱ་གཙོ་བོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་མ་ལག་ནང་མཉམ་འདྲེས་གང་མགྱོགས་བྱ་རྒྱུ་ཁ་ཕྱོགས་སུ་འཛིན་པ་དང་། མཁོ་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུ་གཙོ་གནད་དུ་འཛིན་པ། བཅོས་བསྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ་དང་། སྤྱི་ཚོགས་བརྟན་བརླིང་དང་སྐྱེ་ཁམས་ཉེན་མེད་རྩ་བའི་འགན་སྲུང་དུ་འཛིན་པ། མཛེས་སྡུག་ལྡན་པའི་སྐྱེ་ཁམས་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པའི“དམིགས་ཡུལ་གཅིག”ལ་གཞིགས་ནས་ཡུན་རིང་བདེ་འགོད་དང་སྤུས་ཀ་ཡག་པའི་འཕེལ་རྒྱས་ཀྱི“འགག་རྩ་གཉིས”མངོན་གསལ་དོད་པོ་བྱས་ནས་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ། “གསུམ་འཛུགས་མཉམ་འགུལ”བཅས་གཅིག་གྱུར་ཐོག་སྐུལ་འདེད་གཏང་དགོས། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི“དོན་ཆེན་བཞི”དམ་འཛིན་ཏན་ཏིག་བྱས་ཏེ། ཁྲིམས་ལྟར་ཁུལ་སྐྱོང་དང་སྐྱེ་ཁམས་འཛུགས་སྐྱོང་། ཡུལ་གྲོང་དར་སྤེལ། འགྲིམ་འགྲུལ་སྔོན་སྤེལ། ཐོན་ལས་དམངས་ཕྱུག གྲོང་ཁྱེར་དང་གྲོང་རྡལ་གསར་པ་ཅན་བཅས་ཀྱི“འཐབ་ཇུས་ཆེན་པོ་དྲུག”ལག་བསྟར་ཤུགས་ཆེན་བྱ་དགོས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། དཔལ་འབྱོར་བརྟན་པོའི་ངང་ཕུགས་ཡུན་དུ་སྐྱོད་པ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་བྱས་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་འགན་ལེན་ཏན་ཏིག་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྔར་བས་ཡག་པོ་ཡོང་བར་འགན་ལེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་བསྐྲུན་རྒྱུར་མགོ་ཡག་པོ་ཚུགས་པ་དང་གོམ་སྟབས་བརྟན་པོ་སྤོ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག2035ལོར་སླེབས་སྐབས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་ཡུལ་གཙོ་བོ་བཏོན་པ་རེད། དེ་ནི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུ་དང་། དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་ནས་བོད་འབྲེལ་ས་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་སྟོབས་ལྡན་གྱི་ཁུལ་འཛུགས་སྐྱོང་བྱ་རྒྱུ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ཡར་རྒྱས་གསར་པ་བྱུང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་རྒྱུ། དམངས་འཚོའི་བདེ་སྐྱིད་ཆུ་ཚད་གསར་པར་སླེབས་ནས་མི་རིགས་ས་ཁུལ་གྱི་ཆུ་ཚད་དེ་བས་མཐོ་བའི་འབྱོར་འབྲིང་འཚོ་བའི་དཔེ་མཚོན་ཁུལ་འཛུགས་སྐྱོང་བྱ་རྒྱུ། སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མཐོ་རུ་གསར་པ་ཕྱིན་ནས་མི་རིགས་རིག་གནས་གང་ལེགས་མཚོན་པའི་རིག་གནས་ཡུལ་སྐོར་གྱི་སྟོབས་ལྡན་ཁུལ་འཛུགས་སྐྱོང་བྱ་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་བྱུང་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་བསྐྲུན་རྒྱུ། བཅོས་བསྒྱུར་སྒོ་དབྱེ་བའི་ཐད་གོམ་སྟབས་གསར་པ་སྤོས་ནས་བོད་འབྲེལ་ས་ཁུལ་གྱི་སྒོ་དབྱེ་མཉམ་ལས་ཀྱི་མཐོ་ཚད་གསར་པ་བསྐྲུན་དགོས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག2035ལོའི་ཕུགས་ཡུན་གྱི་དམིགས་ཡུལ་བཏོན་ཡོད། འདི་ནི་དཔལ་འབྱོར་དངོས་ཤུགས་ཆེས་ཆེར་མཐོ་རུ་ཕྱིན་ནས་གཞི་རྩའི་ཐོག་ཆ་འཕྲིན་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་མངོན་འགྱུར་མངོན་འགྱུར་ཡོང་བ་བྱ་དགོས། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར2020ལོའི་རྨང་གཞིའི་ཐོག་ལྡབ་གཅིག་ཡན་ཆད་འཕར་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་འདྲ་མཚུངས་ཡོང་བ་བྱ་དགོས། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། ཁྲིམས་སྐྱོང་དཀར་མཛེས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་འཛུགས་སྐྱོང་བྱས་ནས་དུས་བདེའི་དཀར་མཛེས་འཛུགས་སྐྱོང་བྱེད་པའི་ཆུ་ཚད་དེ་བས་མཐོན་པོར་སླེབས་བྱ་དགོས། རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་ཡ་རབས་ཚུལ་ལྡན་མཐོ་ཚད་གསར་པར་སླེབས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་མིའི་སེམས་སུ་གཏིང་ཟབ་ཟུག་པ། མཐུན་སྒྲིལ་ཡ་རབས་ཀྱི་དམིགས་ཡུལ་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས། ལྷད་མེད་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཡོངས་ཁྱབ་ཏུ་ཆགས་པ་བྱས་ནས་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དུ་ལེགས་འགྱུར་བྱུང་བ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་སྔར་བས་བརྟན་དུ་བཏང་ནས་མཛེས་སྡུག་སྐྱེ་ཁམས་ཀྱི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་དམིགས་ཡུལ་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་དགོས། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་མངོན་འགྱུར་ཡོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏང་དགོས། མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་དང་། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བཅས་ཀྱི་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དེ་བས་མངོན་གསལ་དུ་ཐོན་པ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ན། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་རྒྱུན་འཁྱོངས་དང་། མི་དམངས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱ་དགོས། བཅོས་བསྒྱུར་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་དང་རྒྱུད་རིམ་གྱི་ལྟ་བ་རྒྱུན་འཁྱོངས། ཁྲིམས་སྐྱོང་གི་བསམ་གཞིགས་རྒྱུན་འཁྱོངས་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འཐབ་ཇུས་ལག་བསྟར་བྱས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་བརྟན་དུ་གཏང་དགོས། རི་སྔོ་ཆུ་དྭངས་ནི་རིན་ཆེན་གསེར་དངུལ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དམིགས་བསལ་དུ་ཐོན་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། “རི་མགོར་ཤིང་སྡོང་འཛུགས་པ་དང་རི་སྐེད་འབྲས་ཤིང་འཛུགས་པ། རི་འདབས་སུ་ལོ་ཏོག་འདེབས་པའི”སྐས་རིམ་ལྟ་བུའི་ཕྱོགས་བསྡུས་སྐྱེ་ཁམས་ཀྱི་ཆགས་ཚུལ་ལེགས་སུ་བཏང་ནས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་བཅོས། སྐྱེ་ཁམས་བཟང་བ་བཅས་ཀྱི་དཔལ་ཡོན་དར་བའི་འཕེལ་རྒྱས་གཏོང་ལམ་དུ་བསྐྱོད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཆགས་ཚུལ་ལེགས་སུ་བཏང་ནས་ས་ཁོངས་མཐུན་སྦྱོར་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་དང་གཞི་གཅིག་ཅན་གྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཆང་དགོས། རྒྱལ་ས་ཐོན་ཁུངས་ཀྱི་བར་སྟོང་གསར་སྤེལ་དང་སྲུང་སྐྱོང་གི་རྣམ་པ་གསར་པ་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་བསྟར་བྱ་དགོས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དར་མདོ་དང་ལྕགས་ཟམ་ཁ། དཀར་མཛེས་གྲོང་གསར་བཅས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་དང་དཀར་མཛེས་ཁུལ་གྱི་གྲོང་ཁུལ་གསར་པ་སྐྲུན་པར་སྐུལ་འདེད་གཏང་དགོས། རིགས་སྣ་ཚོགས་ཀྱི་རྒྱུ་རྐྱེན་གཙོ་བོ་ལུགས་མཐུན་ངང་འཁོར་རྒྱུག་དང་ལས་ཆོད་མཐོན་པོས་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་བཏང་ནས་བར་མཐོངས་བཟང་སྒྲིག་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས། ས་ཁོངས་མཐུན་སྦྱོར། ལེགས་ཆ་གསབ་རེས་བཅས་བྱེད་པའི་སྤུས་ཀ་ཡག་པའི་འཕེལ་རྒྱས་ཀྱི་ཆགས་ཚུལ་འགྲུབ་པར་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། དེང་རབས་ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་དཔལ་འབྱོར་མ་ལག་བཟང་འགྱུར་རིམ་སྤར་ཡོང་བར་སྐུལ་འདེད་གཏང་དགོས། ཐོན་ལས་དམངས་ཕྱུག་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་གཏོང་ཞིང་། སྐྱེ་ཁམས་ཐོན་ཁུངས་ཐོན་ལས་ཅན་དུ་ཇེ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་རིག་གནས་ཡུལ་སྐོར་ལས་རིགས་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་ཞིང་། འབྱུང་འཕྲོད་དེང་རབས་བཟོ་ལས་འཕེལ་སྟོབས་ཆེ་རུ་གཏོང་བ། ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་ཞིང་། ཐོན་ལས་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གཞིས་མིའི་འཛད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་བཟང་བ་དང་། ཁྱད་ཆོས་འབུར་དུ་ཐོན་པ། སྐུལ་ཁྲིད་ནུས་ཤུགས་ཆེ་བའི་དེང་རབས་སྐྱེ་ཁམས་ཀྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། དེང་རབས་ཀྱི་རྨང་གཞིའི་སྒྲིག་ཆས་མ་ལག་འཛུགས་སྐྱོང་བྱས་ནས་འདེགས་སྐྱོར་འགན་སྲུང་གི་ནུས་པ་ཆེ་རུ་གཏང་དགོས། འགྲིམ་འགྲུལ་སྔོན་དུ་སྤེལ་བའི་འཐབ་ཇུས་ལག་བསྟར་བྱས་ནས་ལྕགས་ལམ་དང་། གཞུང་ལམ། མཁའ་ལམ། ཆུ་བེད། ནུས་ཁུངས། འཕྲིན་གཏོང་། སྐྱེ་ཁམས་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་ཀྱི་བཀོད་བབ་ཇེ་ཡག་ཏུ་བྱེད་ཅིང་། ཁྱོན་ཡོངས་ནས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཆ་འཕྲིན་མྱུར་ཚད་ཆེ་བའི་དྲ་བ་དང་རྨང་གཞིའི་སྒྲིག་ཆས་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་འདེགས་སྐྱོར་འགན་སྲུང་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བཏང་ནས་ཡུལ་སྡེ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས། ཁྱོན་ཡོངས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་དང་། སྐྱེ་ཁམས་ལ་བརྟེན་ནས་ཞིང་པར་ཕན་བདེ་སྐྲུན་པ། རིག་གནས་ལ་བརྟེན་ནས་ཞིང་ལས་གསོ་སྤེལ་བྱེད་པ། ཤེས་ལྡན་མི་སྣར་བརྟེན་ནས་ཞིང་པར་རོགས་རམ་བྱེད་པ། ཏང་འཛུགས་སྐྱོང་ལ་བརྟེན་ནས་ཞིང་པ་སྟོབས་ལྡན་ཡོང་བ་བཅས་རྒྱུན་འཁྱོངས་བྱས་ནས་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས། འགྲན་བརྩོད་ནུས་པ། ཞིང་འབྲོག་པའི་ཡོང་འབབ་ཆུ་ཚད་བཅས་མཐོར་འདེགས་གཏོང་བ་དང་། ཡུལ་སྡེ་འཛུགས་སྐྲུན་བྱེད་པའི་བྱ་སྤྱོད་སྤེལ་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་ཡོང་བ་དང་ཡུལ་སྡེ་དར་རྒྱས་གཏོང་བ་གཉིས་འབྲེལ་མཐུད་ནུས་ལྡན་ཡོང་བ་དང་། ཞིང་འབྲོག་ས་ཁུལ་བཅོས་བསྒྱུར་ཟབ་སྤེལ་བྱེད་ཅིང་། བཟོ་ལས་ཀྱིས་ཞིང་ལས་ལ་རོགས་རམ་དང་གྲོང་ཁྱེར་གྱིས་གྲོང་སྡེ་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། བཟོ་ཞིང་སྐུལ་འདེད་གཏོང་རེས་དང་། གྲོང་ཁྱེར་དང་གྲོང་སྡེ་ཕན་ཚུན་གསབ་རེས། མཐུན་སྦྱོར་འཕེལ་རྒྱས་ཡོང་བ། ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བ་བཅས་ཀྱི་བཟོ་ཞིང་དང་གྲོང་ཡུལ་བར་གྱི་འབྲེལ་བ་ཆགས་ཐུབ་པར་སྐུལ་འདེད་བཏང་སྟེ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏང་དགོས། 

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། སྤུས་ཚད་མཐོ་བའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་གཏང་དགོས། འཕེལ་རྒྱས་ཀྱི་ཁྲོད་དུ་མི་དམངས་ཀྱི་འཚོ་བ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་རིག་ཅན་དང་། སྟབས་བདེ་ཅན། ཆ་སྙོམས་ཅན། ལྷད་མེད་ཅན་བཅས་ཀྱི་ཁྲིད་སྟོན་བྱེད་ཕྱོགས་བཅངས་ཤིང་། སྤུས་ཚད་མཐོ་བའི་ངང་ལས་ཞུགས་བྱེད་གང་ཐུབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བློར་བབས་པའི་སློབ་གསོ་ཡག་པོ་གཉེར་ཞིང་། བདེ་ཐང་དཀར་མཛེས་ཁུལ་འཛུགས་སྐྲུན་མགྱོགས་པོར་བྱེད་པ་དང་། རིམ་པ་སྣ་མང་གི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་ཞིང་། སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་བཟང་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་དེ་བས་དར་རྒྱས་ཕུན་སུམ་ཚོགས་པ་དང་འཚོ་བ་དེ་བས་ཕྱུག་པོར་ཡོང་བ། ཞབས་ཞུ་དེ་བས་སྤུས་དག་ཡིན་པ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཀྱི་མི་སྡོད་ཁྱིམ་གཞིས་མགྱོགས་མྱུར་དུ་འཛུགས་སྐྲུན་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། རིག་གནས་ལ་བརྟེན་ནས་མི་དམངས་ལ་ཕན་བདེ་ཡོང་བའི་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། དར་ཆ་སྒྲེང་བ་དང་། དམངས་སེམས་བསྒྲིལ་བ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་སྟོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོས་ཁྲིད་སྟོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཞིང་། སྤྱི་པའི་རིག་གནས་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། དེང་རབས་རིག་གནས་ཀྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་སྤུས་དག་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་དང་མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་ཐུབ་པ་དང་མང་ཚོགས་ཀྱི་བསམ་པའི་སྙིང་སྟོབས་ཇེ་དྲག་ཏུ་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བའི་འཕེལ་ཕྱོགས་གསར་པ་འཛུགས་དགོས། དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྲོད་དུ་གསར་གཏོད་ཀྱི་སྲོག་ཤིང་གོ་གནས་ཆེ་རུ་གཏོང་བ་དང་། མ་བསྐུལ་དང་ལེན་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འདྲེས་པར་བྱེད་པ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་གཏོད་དགོས། ཕྱོགས་བཞི་ནས་འཕེལ་རྒྱས་ཀྱི་བར་ཁོངས་རྒྱ་སྐྱེད་གཏོང་བ་དང་། ས་ཁོངས་ཡོངས་སུ་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏང་དགོས། ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཟབ་སྤེལ་དང་རྒྱ་སྐྱེད་གཏོང་བ་དང་། སྒོ་འབྱེད་ཀྱི་མཐའ་མཚམས་ནས་སྒོ་འབྱེད་ཀྱི་གཙོ་གྲས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་མཉམ་ལས་ཀྱི་མཐོ་གནས་གསར་བ་འཛུགས་སྐྲུན་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་དཀར་མཛེས་བསྐྲུན་དགོས། ཁྲིམས་ལྟར་ཁུལ་སྐྱོང་བའི་འཐབ་ཇུས་ལག་བསྟར་བ་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ནན་འཛིན་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཆུ་ཚད་མཐོ་བའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་ཞིང་། སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་བྱ་དགོས། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བ་དང་། དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་དང་འཚམ་པའི་བདེ་འཇགས་འགན་ལེན་མ་ལག་བསྐྲུན་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང་2035ལོའི་ཕུགས་ཡུན་དམིགས་ཡུལ་མངོན་འགྱུར་བྱ་ཆེད། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱ་དགོས། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་གི་འདེགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་ཞིང་། འཆར་འགོད་བཟོ་བ་དང་ལམ་སྲོལ་དོན་འཁྱོལ་བྱེད་པའི་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེ་པའི་གཙོ་དོན་སློབ་གསོའི་གྲུབ་འབྲས་ཇེ་ཆེར་གཏོང་ཞིང་། རིམ་པ་ཁག་གི་མགོ་ཁྲིད་ཚན་པ་ལེགས་འདེམས་ཧྲག་སྒྲིག་བྱེད་པ་དང་། ལས་བྱེད་དང་ལས་བཟོ་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དེ་དག་ཐེར་བྱེད་པ་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་རྒོལ་བའི་ལས་ཀའི་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན། ལས་བྱེད་པ་བཅས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ཉེན་ལ་ཁ་གཏད་གཅོག་པ་དང་། དཀའ་ངལ་དང་འགྲན་སློང་ལས་རྣམ་པར་རྒྱལ་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ཏུ་འགྱུར་བ་ཁག་ཐེག་བྱས་ནས་དཀར་མཛེས་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་ཡོང་བ་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་འཕྱུར་བ་བྱ་དགོས། བབ་བསྟུན་ཇུས་འགོད་དང་སྟབས་བསྟུན་ལས་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་དཀར་མཛེས་ཁུལ་ལ་འཕྲད་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་ཁོང་དུ་ཆུད་པར་བྱ་དགོས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས“ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང་འབྱུང་འགྱུར་གྱི་དུས་སྐབས་དེ་བས་རིང་བའི་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་ཀྱི་ཇུས་འགོད་བཀོད་སྒྲིག་ལ་སྣེ་ཁྲིད་བྱ་དགོས། སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་གནས་བབ་གསར་པ་དང་མཉམ་འདྲེས་བྱེད་པའི་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱ་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འབྱུང་འཕྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱ་དགོས། འདི་ལོའི་མཇུག་འགྲིལ་བ་དང་སང་ལོའི་མགོ་འཛུགས་པའི་ལས་ཀ་ཁག་དམ་འཛིན་ཡག་པོ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཏེ་ལོ100འཁོར་བར་བསུ་མ་ཞུ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། གོ་སྐབས་དམ་འཛིན་དང་གསར་གཏོད་ཡར་བརྩོན་བྱས་ཏེ་ཕྱོགས་ཡོངས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་ཆེད་འབད་འཐབ་ཧུར་ཐག་བྱ་དགོས་པའི་འབོད་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།