མཛོད་དགེ་རྫོང་གིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་ནན་ཏན་ངང་དོན་འཁྱོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཛོད་དགེ་རྫོང་གིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་ཚོགས་འདུ་བསྡུས་ནས་མིག་སྔའི་དུས་བབ་ལ་སྔར་བས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ཀྱིས་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། མཛོད་དགེ་རྫོང་གིས་འཕྲོད་བསྟེན་བདེ་ཐང་དང་ནད་ཡམས་སྔོན་འགོག་ཚོད་འཛིན་སོགས་ཀྱི་སྒྲིག་གཞི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལམ་སྲོལ་འདོན་སྤེལ་གང་ལེགས་བྱས་ཏེ། ཉེན་ཆེའི་ས་ཁུལ་ནས་རྫོང་དུ་ལོག་པའི་མི་སྣར་དུས་ཐོག་ཏུ་གྲལ་བཤེར་བྱས་ཏེ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་ཁྱིམ་སྡོད་ལོགས་བཀར་ལས་དོན་ཡག་པོ་བསྒྲུབས་པ་དང་འབྲེལ། ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་འབྲས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས།

དེ་དང་ཆབས་ཅིག་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་། ཚོང་རའི་སྒོ་རྩིས་ཚོང་ཁང་། འཁྱག་སྦྲེལ་ཟོག་འགྲེམས། ལོགས་བཀར་བྱ་ཡུལ་བཅས་ལ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་གཙོ་བོ་ཁག་ཏུ་དུག་སེལ་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། གྲལ་བཤེར་གྱི་རྩིས་ཐོ་བཟོས་ནས་རིམས་ནད་འགོ་བའི་འབྲེལ་ཐག་མཐའ་གཅིག་ཏུ་བཀག་འགོག་བྱས། རྫོང་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་དུས་ཐོག་ཏུ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། མི་སྣ་གཙོ་བོ་བཅས་ལ་གཞིགས་ནས་ཞིབ་དཔྱད་ཚད་ལེན་ཁྱབ་ཁོངས་གཏན་འཁེལ་དང་ཐོན་ཁུངས་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ་ཞིབ་བཤེར་བྱེད་དགོས་རིགས་ལ་ཞིབ་བཤེར་བྱེད་པ་དང་ཞིབ་བཤེར་བྱེད་འདོད་ཡོད་པ་ཚང་མར་ཞིབ་བཤེར་བྱས་ནས་ཆད་ལུས་མེད་པར་ཁྱོན་ཡོངས་ལ་འགན་ལེན་བྱས་པ་རེད། མི་རྣམས་ལ་མཉམ་དུ་ཞིབ་བཤེར་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་ལྷག་པར་ཏུ་འཁྱག་སྦྲེལ་བཟའ་བཅའི་པྲོག་གསར་གློ་ཚད་རིམས་ནད་ནད་དུག་ཉིང་སྐྱུར་གྱི་དཔེ་དབྱིབས་ཞིབ་དཔྱད་ཚད་ལེན་ཡག་པོ་བྱས་ཏེ་ནང་འདྲེན་བྱེད་རྒྱུ་གཏན་འགོག་བྱེད་པ་དང་ཆབས་ཅིག་མིའི་འཁོར་རྒྱུག་ཚད་ཆེ་བའི་ས་ཆ་དང་། དེ་བཞིན་སྤྱི་པའི་བཀག་སྡོམ་འདུ་གནས་གཞན་དག་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནན་མོ་སྤྱད་དེ་གཅིག་སྡུད་རང་བཞིན་གྱིས་རིམས་ནད་མི་ཐོན་པར་སྔོན་འགོག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།