དཀར་མཛེས་ཁུལ་གྱི་མི12ལ་སི་ཁྲོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་སྒྲུབ་པའི་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཆེན་སྐབས8པའི་ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་ལས་སྒྲུབ་པའི་གཟེངས་བསྟོད་ཚོགས་ཆེན་དེ་ཁྲེང་ཏུའུ་ལ་འཚོགས་པ་རེད། གཟེངས་བསྟོད་ཚོགས་ཆེན་ཐོག《སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་སྐབས8པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་གནང་བའི་སྐོར་གྱི་ཆོད་དོན》བསྒྲགས་པ་རེད། ཞིང་ཆེན་སྲིད་གཞུང་གིས་ཝང་ཚུང་ལཱ་བཅས་མི519ལ་སི་ཁྲོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་གི་མཚན་སྙན་གནང་བ་དང་། ལི་ཞའོ་ཅིང་བཅས་མི279ལ་སི་ཁྲོན་ཞིང་ཆེན་གྱི་སྔོན་ཐོན་ལས་སྒྲུབ་པའི་མཚན་སྙན་གནང་བ་རེད།

དཀར་མཛེས་ཁུལ་གྱི་མི12ལ་སི་ཁྲོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་བཟང་གི་མཚན་སྙན་དང་སི་ཁྲོན་ཞིང་ཆེན་གྱི་སྔོན་ཐོན་ལས་སྒྲུབ་པའི་མཚན་སྙན་ཐོབ་པ་རེད། དེའི་ནང་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་སི་ཁྲོན་དཀར་མཛེས་བྲིན་ཚོང་ཡན་ལག་སྤྱི་གཉེར་ཁང་བྱུང་ལམ་ཁུལ་གསེར་ཐར་སྣུམ་སྣོན་ས་ཚུགས་ཀྱི་ཅིང་ལི་ཚེ་རིང་ལྷ་མོ་དང་། དཀར་མཛེས་ཁུལ་ཆང་ཧྲེང་སྡེ་ལས་དོ་དམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་འབའ་ཐང་ཡན་ལག་སྤྱི་གཉེར་ཁང་ཁོར་ཡུག་འཕྲོད་བསྟེན་ཁང་གི་ལས་བཟོ་གཡང་སྒྲོན། དཔལ་ཡུལ་རྫོང་རོང་འགེབས་ཡུལ་ཤོག་རྩེབ་པ་གྲོང་སྡེའི་ཞིང་པ་བཀྲ་ཤིས་རྒྱ་མཚོ། ལི་ཐང་རྫོང་ཡར་ཤོག་ཡུལ་ཤོག་ཡར་ཤོག་གྲོང་སྡེའི་ཞིང་པ་དཔལ་བཟང་། དར་མདོའི་ལྷ་ལུང་མགྲོན་ཁང་ཆེན་མོ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་ཅི་ལི་གཞོན་པ་ཏུའུ་ཅིན་ཕེང་བཅས་ལ་སི་ཁྲོན་ཞིང་ཆེན་ངལ་རྩོལ་དཔེ་བཟང་གི་མཚན་སྙན་ཐོབ་པ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བྲག་མགོ་རྫོང་ཁྲལ་དོན་ཅུས་ཀྱི་རིམ་པ་གཉིས་པའི་གཙོ་གཉེར་དང་བྲག་མགོ་རྫོང་ཉི་པ་ཡུལ་ཤོག་ཚེ་གནས་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཁྲེན་དབང་། རྟའུ་རྫོང་མི་དམངས་སྨན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། མགོ་འཛིན་བསྟན་འཛིན། ཁུལ་མི་དམངས་སྨན་ཁང་གི་ནད་གཡོག་སྨན་པའི་མགོ་འཛིན་གཞོན་པ་ཡུས་ཅིན། རྟའུ་རྫོང་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ཨུ་ཡོན་ཨུ་རྒྱན་ཚེ་རིང་། ཁུལ་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཏོན་ཡུང་ཅུན། དར་མདོ་སློབ་འབྲིང་གི་དགེ་རྒན་རེན་ཞའོ་ཧུང། ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅུན་བཅས་ལ་སི་ཁྲོན་ཞིང་ཆེན་གྱི་སྔོན་ཐོན་ལས་སྒྲུབ་པའི་མཚན་སྙན་ཐོབ་པ་རེད།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།