ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སི་ཁྲོན་ཞིང་ཆེན་དང་རྔ་བ་ཁུལ་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་པའི་ཆེད། ཟླ12པའི་ཚེས12ནས་ཚེས13ཉིན་འདའ་དགུ་འཁྱགས་རོམ་དོ་དམ་ཅུའུ་ཡིས“རི་སྔོ་ཆུ་དྭངས་དང་གངས་འཁྱགས་ཀྱི་ཞིང་ཁམས་སྲུང་བ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཤེས་བྱའི་ནུས་རྩལ་གསོ་སྦྱོང་དང་འཕྲལ་སྦྱོང་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ། པིན་ཁྲོན་ཀུང་སི་དང་ཁྲོ་ཆུ་གཞུང་ཁོངས་ནགས་ཚལ་སྲུང་སྐྱོང་ཅུའུ། དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་ཁྱོན་མི110ལྷག་ཙམ་བྱ་འགུལ་ནང་ཞུགས་ནས། མེ་གསོད་རླངས་འཁོར1དང་ཆུ་འཐེན་འཕྲུལ་འཁོར3། རླུང་ཤུགས་མེ་གསོད་འཕྲུལ་འཁོར12། ཨང་གྲངས2པའི་ལག་ཆ290བཅས་བེད་སྤྱད་པ་རེད།
ཐེངས་འདིའི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་ཤེས་བྱའི་ནུས་རྩལ་གསོ་སྦྱོང་དང་འཕྲལ་སྦྱོང་བྱས་པ་བརྒྱུད། ལས་དོན་མི་སྣའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་གི་འགན་འཁྲིའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་བཏང་ལ། ཚན་རིག་དང་མཐུན་པའི་མེ་གསོད་དང་བདེ་འཇགས་ཉེན་གཡོལ་གྱི་ནུས་པའང་ཆེ་རུ་ཕྱིན་ཡོད། ནུས་ཤུགས་ཡོད་ཚད་ཀྱིས་མེ་འགོག་ལས་དོན་ནང་ཞུགས་ཐུབ་ཅིང་དམག་འཐབ་དེ་ལས་རྒྱལ་ཐུབ་པ་བཅས་ཀྱི་བྱང་ཚད་དང་ནུས་རྩལ་མཐོ་བའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སེལ་བའི་དཔུང་ཁག་ཅིག་གཏོད་པ་མ་ཟད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་བཅས་ལ་ཕྱོགས་ཡོངས་ནས་འགན་ལེན་ཡག་པོ་བྱས་ཡོད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
འདའ་དགུ་འཁྱགས་རོམ་དོ་དམ་ཅུའུ་ཡིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་འཕྲལ་སྦྱོང་བྱས་པ།