རྔ་བ་ཁུལ་ཏང་ཨུའི་རྒྱུན་ཨུ་ཁང་གིས་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས་11ཉིན། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་འབར་ཁམས་སུ་སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ཨུ་ཁང་གི་ཚོགས་འདུ་ཐེངས134བསྡུས་ཤིང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཨུའི་གྲོས་ཚོགས་གལ་ཆེན་དང་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ཤིང་།  རང་ཁུལ་གྱི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་འདུ་ལས《སི་ཁྲོན་ཞིང་ཆེན་གྱི〈ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་སྲོལ་ཡིག〉ལག་བསྟར་བྱེད་ཐབས》ལ་ཆེད་དོན་སློབ་སྦྱོང་བྱས། ཚོགས་འདུ་ལས་སི་ཁྲོན་ཞིང་ཆེན་སྐབས་བརྒྱད་པའི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་བྱ་བ་སྒྲུབ་མཁན་ལ་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་སྡེ་མིའི་ཚན་ཆུང་ལེགས་སྒྲིག་དང་ཕྱོགས་སྡོམ་དང་སྡེ་ཁུལ་གྱི་སྒྲིག་གཞི་ལེགས་སྒྲིག་དང་བཀོད་གཏོང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུ་ལས་ཁུལ་ཡོངས་ཀྱི་གཙོ་གནད་ལས་དོན་ལ་གཅིག་སྡུད་ཐོག་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་དང《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྲོལ་ཡིག(འཆར་ཟིན)སྐོར་གྱི་དགོངས་སྐོར》སོགས་ལ་གྲོས་ཞིབ་བྱས་པར་མ་ཟད། ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།