རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་སྐབས་བཅུ་གཉིས་པའི་ཏང་ཙུའུ(རྒྱས་འཛོམས།)ཐེངས་3པའི་ཚོགས་འདུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྔ་བ་ཁུལ་མི་དམངས་སྲིད་གཞུང་གིས་སྐབས་བཅུ་གཉིས་པའི་ཏང་ཙུའུ(རྒྱས་འཛོམས)ཐེངས་38པའི་ཚོགས་འདུ་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་གཙོ་འགན་བཞེས། ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ཧྥན་ཅི་ཡུའེ་དང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ཞུས་ཁྲུན། ཁུལ་དཔོན་གཞོན་པ་ཐའོ་ཅན་ཧྥེང་། ཏིང་མིང་ཀྲུང་། ཡི་དམ་འཚོ། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཡུས་ཀོང་ཡ་བཅས་ཚོགས་འདུར་ཞུགས། ཁུལ་དཔོན་གཞོན་པ་ཝང་ཧྲུའུ་མིང་དང་རིམ་པ་དང་པོའི་སྐོར་ཞིབ་པ་ཀོ་ཉིང་ཚོགས་འདུར་ཟུར་ཞུགས་བྱས་པ་རེད། ཚོགས་ཐོག་ནས་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཚོགས་ཐོག་ནས་ཞིང་ཨུའི་བོད་འབྲེལ་ལས་དོན་གྱི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།