ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱ་ཆེའི་མང་ཚོགས་ཀྱིས་ཨེ་ཙིའི་ནད་ལ་ངོས་འཛིན་ཚད་མཐོ་རུ་གཏོང་ཆེད། ཟླ12པའི་ཚེས1ཉིན་ཁྲོ་ཆུ་རྫོང་འགོས་ནད་ཚབས་ཆེན་འགོག་བཅོས་ལས་དོན་ཨུ་ལྷན་གཞུང་དོན་ཁང་དང་ཁྲོ་ཆུ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་ཀྱི་ལས་ཁུངས་ཀྱིས་རྫོང་རིག་གནས་ལུས་རྩལ་ཐང་ཆེན་དུ་མཉམ་འབྲེལ་སྒོས“མཉམ་གཅིག་ཏུ་ཨེ་ཙིའི་ནད་སྔོན་འགོག་དང་། ཐུན་མོང་ཐོག་བདེ་ཐང་གི་འགན་འཁུར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི2020ལོའི་འཛམ་གླིང་ཨེ་ཙིའི་ནད་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་དྲིལ་བསྒྲགས་དཔྱད་ཡིག་བཀྲམ་པ་དང་། ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ། བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དྲིས་ལན་སོགས་ཀྱི་རྣམ་པ་བརྒྱུད་འགྲོ་འོང་བྱེད་མཁན་མང་ཚོགས་ལ“ཅི་ཞིག་ལ་ཨེ་ཙིའི་ནད་ཟེར་བ་དང་དེ་ཇི་ལྟར་ཕན་ཚུན་ལ་འགོ་སྟངས། ཇི་ལྟར་བྱས་ནས་ཨེ་ཙིའི་ནད་སྔོན་འགོག་བྱེད་པ”སོགས་ཨེ་ཙིའི་ནད་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་དང་འགྲེལ་བཤད་བྱས་ཤིང་། དེ་ལ་བརྟེན་ནས་མང་ཚོགས་ཀྱིས་ཨེ་ཙེའི་ནད་བརྟག་དཔྱད་ཚད་ལེན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ཀྱིས་རང་འགུལ་ངང་བརྟག་དཔྱད་ཚད་ལེན་དང་ལེན་བྱེད་པར་ཁྲིད་སྟོན་བྱས་པ་རེད། ལས་དོན་མི་སྣས་ད་དུང་མང་ཚོགས་ལ“ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཨའེ་འགོག་ཆེད་དོན་ལས་སྟེགས”ཀྱི་རྩ་གཉིས་ཨང་རྟགས་བཤར་འབེབས་བྱེད་པ་ཁྲིད་སྟོན་དང་། སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར། བརྙན་ཐུང་སློབ་ཚན་“ཆེད་མཁས་པས་ཁྱོད་ལ་བརྟག་དཔྱད་ཚད་ལེན་བྱེད་སྟངས་ཁྲིད་པའི”དྲ་ཐོག་མཉམ་འགུལ་བྱས་ཏེ་ཨེ་ཙེའི་ནད་ཀྱི་བརྟག་དཔྱད་ཚད་ལེན་བློ་འདྲི་བྱས་པ་རེད།
ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད། མང་ཚོགས་ཨེ་ཙིའི་ནད་འགོག་བཅོས་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་ཉིད་ཀྱི་འགོག་སྲུང་གི་འདུ་ཤེས་སྔར་བས་མཐོ་རུ་བཏང་སྟེ། “ཨེ་ཙིའི་ནད་ངོས་འཛིན་ནས་ཨེ་ཙིའི་ནད་སྔོན་འགོག་བྱེད་པའི”རྣམ་པ་བཟང་པོ་བཏོད་ཡོད། བྱེད་སྒོའི་ནང་ཞུགས་མཁན་མང་ཚོགས་ཚོས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། ཨེ་ཙིའི་ནད་འགོག་བཅོས་ཀྱི་ཤེས་བྱར་སྔར་བས་རྒྱུས་ལོན་དང་། ཚང་མས་ཨེ་ཙིའི་ནད་ལ་ལྟ་སྟངས་ཡང་དག་འཛིན་པ། ཨེ་ཙིའི་ནད་ལ་དོ་སྣང་ཡོད་པ། ཨེ་ཙིའི་ནད་པར་སེམས་ཁུར། ཨེ་ཙིའི་ནད་བརྟག་དཔྱད་ཚད་ལེན་བྱེད་པ་དེས་ཨེ་ཙིའི་ནད་འགོག་བཅོས་དང་བདེ་ཐང་གི་འཚོ་བ་མཉམ་སྤྱོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཤེས་སུ་བཅུག །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཁྲོ་ཆུ་རྫོང་གིས་འཛམ་གླིང་ཨེ་ཙིའི་ནད་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།